ཀླད་པའི་ཁྲག་རྩའི་ནད་པས་དགུན་ཁར་ ལྷག་ཏུ་མཉམ་འཇོག་དགོས།


དགུན་ཁ་ནི་ཀླད་པའི་ཁྲག་རྩའི་ནད་རིགས་ཀྱི་འབྱུང་ཚད་མཐོ་བའི་དུས་ཡིན་ལ།ཁྲག་ཤེད་ལ་གཡོ་འགུལ་ཆེས་ཆེ་བའི་དུས་ཀྱང་ཡིན།དེ་ན་ཀླད་པའི་ཁྲག་རྩའི་ནད་པས་དགུན་ཁར་མཉམ་འཇོག་གང་དག་བྱ་དགོས་སམ།

གཅིགགྱོན་ཆས་དྲོན་པོ་གྱོན་པ།ཀླད་པའི་ཁྲག་རྩའི་ནད་པར་མཚོན་ན་དགུན་ཁར་གྱོན་ཆས་དྲོན་པོ་གྱོན་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ། མགོ་བོ་དང་མཇིང་བ་ལྷག་ཏུ་དྲོན་པོ་བྱེད་དགོས།གནམ་གཤིས་འཁྱག་པའི་སྐབས་སུ་རྐང་པ་ཆུ་ཚ་མོའི་ནང་དུ་སྦང་ན་ཁྲག་རྒྱུན་འཁོར་རྒྱུག་ཡོང་བར་ཕན་ཐོགས།

གཉིས།བཟའ་བཏུང་ལུགས་མཐུན་བསྟེན་པ།ཀླད་པའི་ཁྲག་རྩའི་ནད་པས་བཟའ་བཏུང་ལ་ཚོད་འཛིན་བྱེད་དགོས།ཚིལ་ཞག་མཐོ་བ་དང་ནུས་དྲོ་མཐོ་བའི་ཟས་རིགས་ཉུང་བསྟེན་བྱེད་པ་དང་།སྣུམ་མང་ཚྭ་མང་གི་ཟས་རིགས་ཉུང་དུ་བསྟེན་དགོས།སྒོ་ང་དང་ཤ་སྣགཉ་ཤ།སྲན་ཆེན་སོགས་བསྟེན་ནས་སྤུས་ལེགས་སྤྲི་དཀར་གྱི་དགོས་མཁོ་སྐོང་བ་དང་།སྔོ་ཚོད་དང་སིལ་ཏོགའོ་མའི་རིགས་ཀྱི་དགོས་མཁོའང་བསྐང་ཅི་ཐུབ་བྱ་དགོས།

གསུམ།ཚན་རིག་དང་མཐུན་པའི་སྒོ་ནས་ལུས་སྦྱོང་བྱ་དགོས།ཀླད་པའི་ཁྲག་རྩའི་ནད་སྔོན་འགོག་བྱ་དགོས་ན་ལུས་སྦྱོང་འོས་འཚམ་བྱ་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་རེད་མོད།འོན་ཀྱང་མཉམ་འཇོག་དགོས་པ་ཞིག་ནི་ཞོགས་སྦྱོང་མི་བྱེད་པར་མཉམ་འཇོག་པ།སྔ་དྲོའི་དུས་ཚོད10ཡས་མས་ནི་ལུས་སྦྱོང་གི་དུས་ཚོད་ཆེས་བཟང་པོ་དེ་ཡིན་པ་ཤེས་དགོས།སྐབས་དེར་ཉི་མ་ཤར་བ་དང་མཁའ་དབུགས་གཙང་མ་ཡིན་ལ།དྲོད་ཚད་ཀྱང་ཞོགས་པ་ལས་མཐོ་རུ་ཕྱིན་ཡོད།དགུན་ཁར་ལུས་སྦྱོང་བྱེད་སྐབས་ལྭ་བ་དྲོན་པོ་གྱོན་དགོས།ལྟོ་སྟོང་དང་ཟ་མ་ཟོས་རྗེས་མྱུར་དུ་ལུས་སྦྱོང་བྱེད་མི་འོས།

བཞི།ཁྲག་ཤེད་བརྟག་པ།དགུན་ཁ་ནི་ཁྲག་ཤེད་སྙོམས་པོ་མི་ཡོང་བའི་དུས་ཚིགས་ཤིག་ཡིན་པས།རྒན་དར་དང་ཁྲག་ཤེད་མཐོ་བའི་ནད་པ་རྣམས་ཀྱིས་ཁྲག་ཤེད་འཇལ་བར་དོ་སྣང་ལེགས་པོ་བྱ་དགོས།གཏན་འཁེལ་གྱི་དུས་ཚོད་ནང་ཁྲག་ཤེད་འཇལ་བ་དང་ཆེས་བཟང་ན་ཉིན་རེར་ཁྲག་ཤེད་ཐེངས་རེ་འཇལ་དགོས།གཏན་ཁེལ་གྱི་དུས་ཚོད་ནང་ཁྲག་ཤེད་བཅལ་རྗེས་ཟིན་ཐོར་བཀོད་དེ་རང་གི་ཁྲག་ཤེད་ཀྱི་འགྱུར་ལྡོག་ཤེས་པར་བྱེད་པ་དང་།གལ་ཏེ་འགྱུར་ལྡོག་ཆེན་པོ་ཡོད་ན་སྨན་ཁང་དུ་སོང་ནས་སྨན་པར་བློ་འདྲི་དགོས།

ལྔ།སེམས་ཁམས་སྐྱིད་པོ་ཡོང་བར་བྱེད་པ།དགུན་ཁར་གནམ་གཤིས་འཁྱག་པའི་སྟེང་།སྐྱེ་དངོས་དུས་ཚོད་དེ་དགུན་ཁའི་ཉི་འོད་འཕྲོ་ཡུན་གྱི་འགྱུར་ལྡོག་ལ་ལོབས་དཀའ་བས།རྒྱུ་མཚན་གང་ཡང་མེད་པར་སེམས་མི་སྐྱིད་པའི་གནས་ཚུལ་འབྱུང་སླ་ཞིང་།སེམས་མི་སྐྱིད་པའི་སྐབས་སུ་སྙིང་གི་ལྡིང་ཚད་མགྱོགས་པས།སྙིང་གི་ཁུར་པོ་ཇེ་ལྕི་རུ་འགྲོ་བ་དང་།དུས་ཡུན་རིང་ན་ཀླད་པའི་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཆེ་རུ་འགྲོ་བ་རེད།

དྲུགཆུ་མང་པོ་འཐུང་བ།གལ་ཏེ་ལུས་པོར་ཆུ་མི་འདང་བའི་གནས་བབ་ཏུ་ལུས་ན།ཁྲག་རྒྱུན་འབྱར་བག་ཏུ་འགྱུར་ལ།འཁོར་རྒྱུག་བྱེད་ཚད་ཇེ་དལ་དུ་འགྲོ་བ་དང་།གལ་ཏེ་ཁྲག་ཚིལ་མཐོ་ན་འཕར་རྩ་སྲ་འགྱུར་འབྱུང་བའི་ཉེན་ཁ་ཧ་ཅང་མཐོ་བས།ཉིན་རེར་ཆུ་ཚད་དང་རན་པ་འཐུང་དགོས་ལ།ཆེས་ཉུང་ནའང་ཆུ་ཧའོ་ཧྲེང200རེ་འཐུང་དགོས།།(ཡོང་ཁུངས།མཚོ་སྔོན་བོ་ད་ཡིག་གསར་འགྱུར།)