ཟླ1པོའི་ཚེས10ཉིན་ནས་བཟུང་མེ་འཁོར་འཁོར་བསྐྱོད་རེའུ་མིག་གསར་པ་ལག་བསྟར་བྱ་རྒྱུ་ཡིན་པ།
གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་པ་ལྟར་ན།2024ལོའི་ཟླ1པོའི་ཚེས10ཉིན་གྱི་ཆུ་ཚོད0ནས་བཟུང་།རྒྱལ་ཡོངས་ལྕགས་ལམ་གྱིས་ཆེས་གསར་པའི་མེ་འཁོར་འཁོར་བསྐྱོད་རེའུ་མིག་ལག་བསྟར་བྱ་རྒྱུ་རེད།ལེགས་སྒྲིག་བྱས་རྗེས།རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་འགྲུལ་སྐྱེལ་མེ་འཁོར11149བཀོད་སྒྲིག་བྱས་ཡོད་ལ། དེ་ད་ལྟའི་མེ་འཁོར་རེའུ་མིག་ལས་མེ་འཁོར233ཇེ་མང་དུ་སོང་ཡོད།ཉིན་རེར་དངོས་སྐྱེལ་མེ་འཁོར22264བཀོད་སྒྲིག་བྱས་ཤིང་དེ་ད་ལྟ་ལས་མེ་འཁོར40ཇེ་མང་དུ་སོང་ཡོད།
རྒྱུས་ལོན་པ་ལྟར་ན།ཆེས་གསར་པའི་མེ་འཁོར་འཁོར་བསྐྱོད་རེའུ་མིག་ཡིས་པེ་ཅིང་ལྕགས་ལམ་ལྟེ་བའི་བྱེད་ནུས་ལེགས་བཅོས་དང་ལམ་ཐིག་གསར་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ།འགྲུལ་སྐྱེལ་མེ་འཁོར་འཁོར་བསྐྱོད་ཐབས་ལམ་སྐོར་ཞིག་ལེགས་བཅོས་བྱེད་པ་སོགས་བརྒྱུད་དེ།མེ་འཁོར་འཁོར་བསྐྱོད་སྒྲིག་གཞི་མུ་མཐུད་དུ་ལེགས་བཅོས་བྱེད་པར་སྐུལ་འདེད་དང་།འགྲུལ་སྐྱེལ་མེ་འཁོར་གྱི་སྐྱེལ་འདྲེན་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་སྟེ།སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།
ལྕགས་ལམ་སྡེ་ཁག་གིས་གསལ་འདེབས་གནང་དོན། རེའུ་མིག་ལེགས་སྒྲིག་བྱས་རྗེས་ཀྱི་འགྲུལ་སྐྱེལ་དང་དངོས་སྐྱེལ་མེ་འཁོར་འཁོར་བསྐྱོད་ཆ་འཕྲིན་དང་ཞབས་ཞུ་ཆ་འཕྲིན་དེ་འགྲུལ་བ་དང་དངོས་བདག་གྲོགས་པོ་ཚོས་ལྕགས་ལམ་གྱི་ཁ་པར12036དང95306དྲ་ཚིགས།སྤྱོད་སྣེ།འཕྲིན་ཕྲན་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རྩད་འདྲི་བྱས་ཆོག་པ་དང་།ཡང་ན་ས་ཁུལ་སོ་སོའི་ལྕགས་ལམ་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་འགྱུར་རྣམ་ཆ་འཕྲིན་དང་།མེ་འཁོར་འབབ་ཚིགས་ཆེ་གྲས་ཁག་གི་སྤྱི་བསྒྲགས་ལ་དོ་ཁུར་བྱས་ཏེ། ལུགས་མཐུན་ངང་འགྲུལ་བཞུད་བཀོད་སྒྲིག་དང་དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཀ་བཀོད་སྒྲིག་བྱས་ཆོག།
(ཡོང་ཁུངས།ཞིན་ཧྭ་དྲ་བ། )