རང་ཁུལ་གྱིས་རྒྱལ་མཚམས་བརྒལ་བའི་ལྐོག་བྲོས་ཀྱི་གྱོད་དོན་ཞིག་རྩད་ཆོད་པ།


རང་ཚགས་པར་གྱི་འཕྲིན།ཉེ་ཆར།ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་མཚམས་འགྲོ་འོང་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས་མི་གཞན་པར་རྩ་འཛུགས་བྱས་ཏེ་རྒྱལ་མཚམས་བརྒལ་ནས་ལྐོག་བྲོས་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་བྱུང་སྟེ་དོགས་ཡོད་ཉེས་ཅན1འཛིན་བཟུང་བྱས།

ཟླ10བའི་ཟླ་མགོར།ཁུལ་སྤྱི་བདེ་ཡི་རྒྱལ་མཚམས་འགྲོ་འོང་དོ་དམ་སྡེ་ཁག་གི་མི་དམངས་ཉེན་རྟོག་པས་ཁུངས་སྣེ་ཞིབ་བཤེར་བྱ་བའི་ཁྲོད་དུ་ཤེས་གསལ་བྱུང་བ་ལྟར་ན།ཁོངས་གཏོགས་ས་ཁུལ་གྱི་ཝེ་ག་གེ་མོས་མི་གཞན་པར་རྩ་འཛུགས་བྱས་ཏེ་རྒྱལ་མཚམས་བརྒལ་ནས་ལྐོག་བྲོས་བྱེད་ཀྱིན་ཡོད།གནས་ཚུལ་དེ་ཤེས་མ་ཐག་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་ཐོག་ཏུ་གྱོད་དོན་ཚན་ཆུང་བཙུགས་ཏེ་ཁུངས་སྣེ་དེར་ཞིབ་བཤེར་ནན་མོ་བྱས་པ་ལྟར་ན།2019ལོའི་ཟླ5པར་ཝེ་ག་གེ་མོས་ཕྱི་རོལ་གྱི་གློག་འཕྲིན་མགོ་སྐོར་ཚོགས་པའི་རྩ་འཛུགས་འོགགླ་ཕོགས་མཐོན་པོར་ཁ་གཡར་ཏེ་ཁྲིམས་ལྟར་རྒྱལ་ཁོངས་བརྒལ་བའི་འགྲོ་ལུགས་གཉེར་མེད་པའི་སང་ག་གེ་མོ་དང་མཱ་ག་གེ་མོ་སོགས་ལ་མགོ་སྐོར་བཏང་བར་མ་ཟད།ལའོ་ཝུའོ་དང་ཡུའེ་ནན་སོགས་རྒྱལ་ཁབ་དུ་མར་གློག་འཕྲིན་མགོ་སྐོར་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྩ་འཛུགས་བྱས།དེའི་རྗེས་སུ་ཝེ་ག་གེ་མོ་སོགས་ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད་ནས་རྒྱལ་ནང་དུ་ལོག

ད་ལྟ་དོགས་ཡོད་ཉེས་ཅན་ཝེ་ག་གེ་མོ་ཁྲིམས་ལྟར་འཛིན་བཟུང་བྱས་ཤིང་།གྱོད་དོན་རིམ་བཞིན་ཞིབ་བཤེར་བྱེད་བཞིན་པའི་སྒང་རེད།།