རང་ཁུལ་གྱིས་རྒྱལ་ཁབ་ཀྱི་རླུང་གློག་འོད་བསྡུ་རྟེན་གཞིའི་ལས་གཞི་ ཆེ་གྲས་ཁག་དང་པོ་སྤྱོད་མགོ་བརྩམས་པ།


རང་ཚགས་པར་གྱི་འཕྲིན།2023ལོར་རང་ཁུལ་གྱིས་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་རླུང་གློག་འོད་བསྡུ་ལས་གཞི་ཆེ་གྲས་ཁག་དང་པོ་སྐྱེལ་འདྲེན་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།བྱ་བའི་འཕེལ་རིམ་ལ་དམ་འཛིན་ནན་མོ་བྱས་ཏེ།རང་ཁུལ་གྱི་ཆན་ཝ་ཁྲི640ཟིན་པའི་རྒྱལ་ཁབ་ཀྱི་རླུང་གློག་འོད་བསྡུ་ལས་གཞི་ཆེ་གྲས་ཁག་དང་པོ་དུས་བཅད་ལྟར་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་ངང་བེད་སྤྱོད་གཏོང་བའི་དམིགས་འབེན་མངོན་འགྱུར་བྱུང་།

རྒྱུས་ལོན་བྱུང་བ་ལྟར་ན།མིག་སྔའི་བར་རྒྱལ་ཁབ་ཀྱི་རླུང་གློག་འོད་བསྡུ་རྟེན་གཞིའི་ལས་གཞི་ཆེ་གྲས་ཁག་དང་པོའི་རང་ཁུལ་གྱི་ཆན་ཝ་ཁྲི300ཡི་འོད་བསྡུ་ལས་གཞིའི་ཁྲོད་ཀྱི་རྒྱལ་ནུས་མཚོ་ལྷོ་རྟེན་གཞིའི་གུང་ཧོ་རྫོང་གི་ཆན་ཝ་ཁྲི100ཡི་འོད་གསོག་ལས་གཞི་དང་།རྨ་ཆུའི་ཧྥུ་ཧྲན་གྱི་ཆན་ཝ་ཁྲི100ཡི་འོད་བསྡུའི་ལས་གཞི།ཏ་ཐང་ཞིན་ཧེ་ཡི་ཆན་ཝ་ཁྲི50ཡི་འོད་བསྡུའི་ལས་གཞི།ཧྭ་ནེང་གུང་ཧོ་འོད་བསྡུ་ཁྲི50ཡི་ལས་གཞི་སོགས་ཁྱོན་བསྡོམས་ཆན་ཝ་ཁྲི300ཡི་འོད་བསྡུ་ལས་གཞི་བདེ་བླག་ངང་སྤྱོད་མགོ་བརྩམས།

ཧོ་ནན་ཐད་རྒྱུག་དུས་ཐེངས་གཉིས་པའི་ཆན་ཝ་ཁྲི340ཕྱིར་སྐྱེལ་བའི་ལས་གཞིའི་ནང་ཆན་ཝ་ཁྲི300ཡི་འོད་བསྡུའི་ལས་གཞི་གནས་སྐབས་སྦྲེལ་མཐུད་བྱེད་སྟངས་བརྒྱུད་དྲ་སྦྲེལ་གློག་འདོན་ཐུབ་པ་དང་རླུང་གློག་ལས་གཞི་ཁྲི30སྤྱོད་མགོ་བརྩམས་ནས་ཆན་ཝ་ཁྲི10ཡི་འོད་བསྡུ་ལས་གཞི་སང་ལོར་འཛུགས་སྐྲུན་བྱས་ནས་སྐྱེལ་འདྲེན་བྱ་རྒྱུ་རེད།

རང་ཁུལ་གྱི་རྒྱལ་ཁབ་ཀྱི་རླུང་གློག་འོད་ཤུགས་ལས་གཞི་ཆེ་གྲས་ཁག་དང་པོ་བདེ་བླག་ངང་བེད་སྤྱོད་ཐུབ་པ་དང་ཁུལ་ཡོངས་ཀྱི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི་སྟོང་རིམ་པ་གཉིས་ལས་བརྒལ་རྒྱུར་སྐུལ་འདེད་གཏོང་བ་དེས་རང་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་གུང་ཧོ་གཤོང་ས་ཆེན་པོའི་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་གཏོད་ཆེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།།