གུང་ཧོ་རྫོང་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གཡོ་ལེན་བྱས་པའི་མ་དངུལ་ཁག་ཅིག་བཀག་པ།
རང་ཚགས་པར་གྱི་འཕྲིན། ཉེ་ཆར། གུང་ཧོ་རྫོང་སྤྱི་བདེ་ཅུའུ་ཡིས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གནོད་འཚེ་ཕོག་མཁན་སྐུ་ཞབས་ཀྲང་ལགས་ཀྱི་མ་དངུལ་གཞན་གྱིས་གཡོ་ལེན་བྱས་པའི་ནང་སྒོར་ཁྲི2ལྷག་བཀག་པ་རེད།
ཁོངས་གཏོགས་ཁུལ་གྱི་མང་ཚོགས་སྐུ་ཞབས་ཀྲང་ལགས་ཀྱིས་མི་གཞན་གྱིས་གཉེན་ཉེ་རུ་བརྫུས་ནས་སྒོར་ཁྲི4གཡོ་ལེན་བྱས་པ་རེད་ཅེས་ཉེན་རྟོག་ཁང་ལ་ཁ་པར་འབྱོར།ཉེན་བརྡ་འབྱོར་རྗེས་ཉེས་དོན་མྱུལ་ཞིབ་མི་དམངས་ཉེན་རྟོག་པས་མྱུར་དུ་གྱོད་གཞི་མྱུལ་ཞིབ་བྱས་ནས་གྱོད་འབྲེལ་མ་དངུལ་ཁག་བགོས་བྱས་པ་གསལ་བོར་ཤེས།གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་སྤྲོད་མཚམས་འཇོག་པའི་བྱ་ཐབས་སྤྱད་དེ་བརྒྱུད་སྤྲོད་བྱས་མེད་པའི་མ་དངུལ་ཁག་ཅིག་བཀག་ནས་སྐུ་ཞབས་ཀྲང་ལགས་ལ་ཕྱིར་སྤྲད་པ་རེད།
སྐུ་ཞབས་ཀྲང་ལགས་ཀྱིས་གྱོད་གཞི་རྩད་གཅོད་བྱེད་སྐབས་དམངས་ཀྱི་སེམས་ཁྲལ་མགྱོགས་མྱུར་སེལ་བ་དང་མི་དམངས་ཀྱི་ཉེན་རྟོག་པར་སྙན་དར་ཞིག་ཕུལ་ནས་གུང་ཧོ་རྫོང་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ལྷག་བསམ་ཟོལ་མེད་ཀྱི་བཀའ་དྲིན་ཞུས་པ་རེད།།