པར་རིས་གསར་འགྱུར།
ཉེ་ཆར།ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་སྡོད་ཁུལ་གཉིས་པའི་ལས་བྱེད་མི་སྣས་སྡོད་དམངས་རྩ་འཛུགས་བྱས་ནས།དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་ཇི་ཙམ་ཤེས་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་རོལ་རྩེད་བྱ་འགུལ་སྤེལ་བ་དང་།མང་ཚོགས་ཀྱིས་བཏོན་པའི་དཀའ་ངལ་དང་གནད་དོན།བསམ་འཆར་དང་གྲོས་མགོ་བསྡུ་རུབ་བྱས་པ་བརྒྱུད་བརྗོད་དོན་སློབ་གསོའི་བྱ་འགུལ་ཡང་གསོན་ཉམས་ལྡན་པ་ཞིག་སྤེལ་བ་རེད།