ནར་མ་སོན་པའི་མིས་མི་བསད་ན་ཉེས་ཆད་ཕོག་གམ།


གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་གིས་ཉིན་འགའི་སྔོན་དུ་ཉིང་ཞ་རུ་རྟོག་ཞིབ ་གནང་སྐབ ས། ནར་མ་སོན་པའི་མིའི་ཞིབ ་དཔྱོད་ལས་དོན་ལ་ཤུགས་སྣོན་པ་དང་།ནར་མ་སོན་པའི་མིར་གནོད་འཚེ་གཏོང་བ འི་ཉེས་གསོག་ལ་བ ཟོད་སྒོམ་གཏན་ནས་མི་བྱེད་པ་ཞེས་པ་མཐའ་འཁྱོངས་བྱས་ཏེ།ཕྱོགས་བ སྡུས་འགན་འཁྲི་ལག་བ སྟར་གཏིང་ཟབ ་ཏུ་གཏོང་བ ་དང་ཞིབ ་དཔྱོད་ཁྲིམས་འཛིན་སྲུང་སྐྱོང་ལ་བ རྟེན་ནས་སྲུང་སྐྱོང་ཆེན་པོ་དྲུག་ཅེས་པར་སྐུལ་འདེད་བ ཏང་སྟེ།ནར་མ་སོན་པའི་མི་བ དེ་ཐང་ངང་འཚར་ལོངས་འབྱུང་ཆེད་ཁྲིམས་ཀྱིས་བ སྐྱང་དགོས་ཞེས་གསུང་བ ་རེད།ནར་མ་སོན་པའི་མིས་ཉེས་གསོག་སྔོན་འགོག་དང་བ ཅོས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱ་དགོས་ལ། ནར་མ་སོན་པའི་མིས་བ སམ་གཟས་ཏེ་མི་བ སད་པ་དང་བ སམ་གཟས་ཏེ་གནོད་འཚེ་གཏོང་བ །རྨས་སྐྱོན་བ ཟོས་ནས་ཤི་རུ་བ ཅུག་པ་སོགས་ནག་ཉེས་ཚབ ས་ཆེན་བ ཟོས་པ། ཞིབ ་བ ཤེར་ཆོག་མཆན་དང་བ དའ་འདེད་གཏོང་བ འི་ཆ་རྐྱེན་དང་མཐུན་ཚེ། བ ཅའ་ཁྲིམས་ལྟར་ཉེས་འགན་བ དའ་འདེད་གཏང་དགོས།ཆེད་དོན་སློབ ་གྲྭའི་འཛུགས་སྐྲུན་ལ་མཐུན་སྦྱོར་དང་སྐུལ་འདེད་ཧུར་ཐག་བྱས་ཏེ།ཉེས་སྐྱོན་ཅན་གྱི་ནར་མ་སོན་པའི་མིའི་རིམ་པ་དབྱེ་ནས་ཐེ་ཇུས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།སློབ་གསོའི་ཡོ་བསྲང་བྱེད་ཤུགས་ཆེ་རུ་བཏང་སྟེ།ཕྱོགས་སོ་སོས་མཉམ་འབྲེལ་བྱས་ཏེ་ནར་མ་སོན་པའི་མིས་ནག་ཉེས་གསོག་པར་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས།།(ཡོང་ཁུངས།ཁྲིམས་སྐྱོང་ཚགས་པར།)