གུང་ཧོ་རྫོང་གིས་རྨ་ཆུའི་འགྲམ་རྒྱུད་ཀྱི་གཞུང་ལམ་ རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་རེད།
རང་ཚགས་པར་གྱི་འཕྲིན། ཉེ་ཆར། གུང་ཧོ་རྫོང་གི་མཚོ་ཕྱུག་ཐང་ནས་ནུབ ་ཀྱི་འཁྱིལ་ཁུག་གི་གཞུང་ལམ་རིམ་སྤོར་སྒྱུར་བ ཀོད་བ ཟོ་སྐྲུན་འཛུགས་སྐྲུན་མགོ་ཚུགས་ཤིང་།གཞུང་ལམ་རིམ་སྤོར་བྱས་རྗེས་ལམ་བུ་ཆུས་བ སྣུབ ས་པའི་གནད་དོན་ཐག་གཅོད་བྱས་ཏེ་རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་སྐོར་ལམ་བུ་ཞིག་ཏུ་གཏོང་ཐུབ ་རྒྱུ་རེད།
གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན།མཚོ་ཕྱུག་ཐང་ནས་འཁྱིལ་ཁུག་གི་གཞུང་ལམ་རིམ་སྤོར་སྒྱུར་བ ཀོད་བ ཟོ་སྐྲུན་ལས་གཞི་ལ་ཁྱོན་བ སྡོམས་མ་དངུལ་སྒོར་ཁྲི5685བ ཏང་ཡོད་ལ། ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ32.261ཡོད་པ་དང་། ལམ་ཐིག་གཙོ་བོའི་མགོ་འཛུགས་ས་མཚོ་ཕྱུག་ཐང་ནས་དོང་ལུང་སྡེ་བ ་བ རྒྱུད་དེ་ནུབ ་ཕྱོགས་ཀྱི་འཁྱིལ་ཁུག་སྡེ་བ ར་ཐོན་ཡོད་ལ། གཞུང་ལམG310ལམ་ཐིག་གི་སྦལ་ཁ་ནས་ཚལ་རྔ་འགག་ལམ་བུར་གྱི་གཞུང་ལམ་སྤྱི་ལེK34+300མཚམས་སུ་སྦྲེལ་བ ་དང་།ལམ་ལག་གི་མགོ་འཛུགས་ས་རིག་སྨོན་གྲོང་རྡལ་ལྡོང་དངོས་སྡེ་བ ་ནས། གཞུང་ལམG310ལམ་ཐིག་གི་ཉི་ཟླ་རི་བོ་ནས་སྦལ་ཁའི་ལམ་བུར་གྱི་གཞུང་ལམ་སྤྱི་ལེK10+106མཚམས་སུ་སྦྲེལ་ཡོད།
གུང་ཧོ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚའེ་ཝུན་ཆིང་གིས་གསར་འགོད་པར་མིག་སྔར་ཚལ་རྔ་འགག་གྲོང་རྡལ་དུ་གཞུང་ལམ3གྱི་ལམ་ཐིག་དང་སྦྲེལ་ཡོད་དེ། ཉི་ཟླ་རི་བོ་ནས་ཚལ་རྔ་འགག་བ ར་གྱི་གཞུང་ལམ་ནི་ཟི་ལིང་ནས་ཚལ་རྔ་འགག་བ ར་གྱི་གཞུང་ལམ་གཙོ་བོ་ཡིན་པ་དང་།ཞིང་ཆེན་གྱི་གཞུང་ལམS357ལམ་ཐིག་གི་མཁར་སྔོན་སྡེ་བ ་ནས་མཚོ་སྔོན་པོའི་གཞུང་ལམ་ནི་ཚལ་རྔ་འགག་གི་ཡུལ་སྐོར་དང་ཐོན་ལས་འཕེལ་རྒྱས་ཀྱི་བ གྲོད་ལམ་གལ་ཆེན་ཞིག་དང་མཚོ་ཕྱུག་ཐང་ནས་ཚལ་རྔ་འགག་བ ར་གྱི་གཞུང་ལམ་ནི་ས་གནས་དེ་གའི་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་ཐིག་གལ་ཆེན་ཞིག་རེད། མཚོ་ཕྱུག་ཐང་ནས་ནུབ ་ཀྱི་འཁྱིལ་ཁུག་གི་གཞུང་ལམ་རིམ་སྤོར་སྒྱུར་བ ཀོད་བ ཟོ་སྐྲུན་བྱས་རྗེས། ཟི་ལིང་ནས་ཚལ་རྔ་འགག་དང་གུང་ཧོ་བ ར་གྱི་སྐོར་ལམ་དྲ་བ ་ཞིག་ཏུ་ཆགས་ནས་ཚལ་རྔ་འགག་གྲོང་རྡལ་གྱི་ཕྱི་ཕྱོགས་བ གྲོད་ལམ་གཙོ་བོར་འགྱུར་ཐུབ ་རྒྱུ་རེད་ཟེར།