《སྙན་ངག་གི་སྔོན་འགྲོ་ཁྱུང་སྔོན་སྐྱེས་ཀྱི་རང་མདངས་གསར་པ》པར་སྐྲུན་འགྲེམས་སྤེལ་བྱས་པ།
ཉེ་ཆར།གཉའ་བློ་གྲོས་རྒྱལ་མཚན་ལགས་ཀྱིས་མཛད་པའི《སྙན་ངག་གི་སྔོན་འགྲོ་ཁྱུང་སྔོན་སྐྱེས་ཀྱི་རང་མདངས་གསར་པ》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
ཆེད་རྩོམ་འདིའི་བ རྗོད་བྱའི་སྙིང་བོ་ནི།《མེ་ལོང་མ》ཡི་ལེའུ་དང་པོའི་བ སྟན་དོན་ལ་བ རྟག་དཔྱད་ཞིབ ་འཇུག་བྱས་པ་ལས།དེ་རུ་སྙན་ངག་གི་མཚན་ཉིད་དང་། ལུས་སྲོག་རྒྱན་གསུམ་དང་ཉམས་འགྱུར། སྙན་ངག་གི་སྐྱོན་ཡོན་སོགས་སྟོན་པ་རྟོགས་ཐུབ ། རྒྱན་གྱི་ཡོན་ཏན་བ ཅུ་པོ་རྒྱན་གཞན་རྣམས་ཀྱི་སྤྱི་དོན་ཁོག་འབུབ ས་ཡིན་པ་ཤེས། རྒྱུ་མཚན་དེ་དག་གིས་ལེའུ་དང་པོ་ནི《མེ་ལོང་མ》ཡི་གཞུང་འདིའི་གླེང་གཞིའམ་ལེའུ་ཕྱི་མ་གཉིས་ཀྱི་སྤྱི་ཁྱབ ་བ ཀོད་འདོམས་པའི་ཚུལ་དུ་གཞུང་གི་དབུ་རུ་བ ཞུགས་པའི་སྤྱི་ཁོག་བ དག་གིས་ལོན། ལེའུ་དང་པོ་དང་ལེའུ་གཉིས་པ་གསུམ་པའི་བ ར་གྱི་འབྲེལ་བ ་ལས་གཞུང་འདི་ཉིད་སྙན་ངག་གི་མེ་ལོང་ཡིན་པར་མ་ཟད་རྒྱན་གྱི་མེ་ལོང་ཡང་ཡིན་པའི་གནད་དེ་བ སྟན། མདོར་ན་དེ་དག་གིས་ལེའུ་དང་པོའི་ངོ་བོ་དང་བྱེད་ལས་བ སྟན་ཏོ།།རྩོམ་པ་པོ་ངོ་སྤྲོད།
ཟླ་བ ་བློ་གྲོས། པིར་མིང་ལ་གཉའ་བློ་གྲོས་རྒྱལ་མཚན་ཟེར།1950ལོར་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་རྩ་བ ་ཡུལ་ཚོའི་ཉིན་མགོ་སྡེ་བ ར་སྐྱེས། སྔ་ཕྱིར་ནུབ ་བྱང་མི་རིགས་སློབ ་ཆེན་དང་ལྷོ་ནུབ ་མི་རིགས་སློབ ་ཆེན། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བ ཅས་སུ་དགེ་རྒན་དང་ཞིབ ་འཇུག་པ།《སྦྲང་ཆར》གྱི་གཙོ་སྒྲིག་པ་བ ཅས་ཀྱི་བྱ་བ ་གཉེར། 2011ལོར་ལས་འཁྱུར་ངལ་གསོ་བྱས། བ རྩམས་ཆོས་ལ《གཉའ་བློ་གྲོས་རྒྱལ་མཚན་གྱི་རྩོམ་ཡིག་ཕྱོགས་བ སྡུས》(པོད་གཉིས)སོགས་དང་།རྩོམ་སྒྲིག་དང་གཙོ་སྒྲིག་བྱས་པའི་དཔེ་དེབ་བ རྒྱ་ལྷག་ཡོད།བྱས་འབྲས་སུ་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་དང་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ།རྒྱལ་ཁབ ་ཀྱི་སྲིད་གཞུང་དམིགས་བ སལ་ཕོགས་སྣོན་ཆེད་མཁས་བ །མཚོ་སྔོན་ཞིང་ཆེན་ལྔ་ཕྲག་བ ཅུ་བ ་ཞེས་པའི་གསར་གཏོད་བྱས་རྗེས་ཡོད་པའི་སྔོན་ཐོན་མི་སྣ།རྒྱལ་ཡོངས་གསར་འགྱུར་དང་དཔེ་སྐྲུན་ཁོངས་བ རྒྱུད་ཀྱི་སྔོན་ཐོན་ལས་བྱེད་པ་སོགས་ཀྱི་མཚན་སྙན་ཐོབ།(ཡོང་ཁུངས།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།)