བལ་ནག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།


(པར་ངོས2པར་མཐུད་པ།)སྡེ་མི་སྔར་ལས་མང་པོ་ཞིག་ལ་སྒོར་མོ་འཚོལ་དུ་འཇུག་པ་དང་འཚོ་བ ་སྐྱིད་པོ་རོལ་དུ་འཇུག་ཆེད། ཡུམ་བ བས་རང་འགུལ་གྱིས་འབྲོག་པ་རྣམས་ཀྱི་བ ལ་ནག་ཉོས། སྔོན་ཆད་བ ལ་ནག་བེད་མེད་དུ་བ སྐྱུར་ཡོད། ད་ལྟ་ང་ཚོས་བ ལ་བྲེགས་རྗེས་ཡུམ་བ བ་ཉོ་རུ་ཡོང་བ ར་བ སྒུག་ནས་བ སྡད་ན་ཆོག རིན་གོང་ཡང་སྤྱི་རྒྱ་རེར་སྒོར་ལྔ་རེད། ང་ཚོས་སྒོར་མོ་འདི་དག་གིས་གཟན་རྩྭ་ཉོས་ཆོག་ལ་ཁྱིམ་ཚང་གི་ཁ་གསབ ་ཀྱང་བྱས་ཆོག སྔོན་ཆད་ཁོ་ཚོས་ཡུལ་ན་བ སྐྱུར་ཡོད་པའི་བ ལ་ནག་དེ་དག་ད་ལྟ་གཅེས་ནོར་དུ་འགྱུར་ཐུབ ་པ་སྡེ་མི་ཟླ་བ འི་སེམས་ལའང་དྲན་མ་མྱོང་ཟེར།

ཡུམ་བ བས་ད་རུང་འབྲོག་པ་རྣམས་ལ་ལས་ཀ་བ ཙལ་བ ་དང་ཁོ་ཚོར་ཁྱིམ་ཚང་གི་སྒོ་ཁ་རུ་ལག་རྩལ་འབྱོར་དུ་བ ཅུག་ནས་ཡོང་སྒོ་འཕར་བ འི་ཐད་ལ་འབ ད་བ རྩོན་བྱེད་ཀྱིན་ཡོད། ཡུམ་བ བས་བ ལ་གྱི་ཉལ་ཐུལ་བ ཟོ་བ ་ནི་ལས་རིམ་རྙོག་འཛིང་དང་དཀའ་ཚེགས་ཆེ་ལ། ཐོག་མར་རྒྱུ་ཆ་ཉོ་དུས་བ ལ་སྟེང་གི་རིལ་ལུད་དང་ཚིལ་སེལ་དགོས་པ་ལས་གཞན།ཡང་དང་བ སྐྱར་དུ་བ ཀྲུས་ནས་དྲི་མ་ལེན་དགོས། དེ་ནས་བ སིལ་སྐམ་དང་གསེད་པ།འཕུར་མཉེད་བ ཅས་བྱས་རྗེས། ལུག་བ ལ་རྣམས་ཉལ་ཐུལ་གྱི་ནང་མ་བྱས་པ་དང་། དྲོད་འཇམ་བ ལ་གྱི་ཉལ་ཐུལ་རེ་རེ་བ ཞིན་བ ཟོ་དགོས།འབྲོག་པ་རྣམས་ལས་རིམ་འདི་དག་གི་ནང་དུ་ཞུགས་ཆོག་ཟེར།

ལུག་བ ལ་བ ཟོ་གྲྭ་བ ཙུགས་རྗེས། ངའི་བ ལ་ནག་ལ་གཏན་འཇགས་ཀྱི་ཕྱིར་འཚོང་གི་ལམ་ཁ་ཡོད་པར་གྱུར་ནས། ཁྱིམ་ཚང་ལ་བ དག་སྐྱོང་བྱེད་ཐུབ ་པར་མ་ཟད།ཁྱིམ་ཚང་གི་སྒོ་ཁ་རུ་ལས་ཞུགས་ཡོང་འབ བ ་འཕར་སྣོན་མངོན་འགྱུར་ཡོང་ཐུབ ་ཅེས་བ ཤད་པའི་བ སོད་ནམས་རྒྱལ་བ ཟོ་གྲྭའི་ནང་དུ་ལས་ཚོགས་སུ་ཞུགས་ཡོད་ལ།ཁོས་སྔོན་ཆད་ཕྱུགས་འཚོ་བ ་ལས་ཅི་ཡང་མི་ཤེས་མོད། འོན་ཀྱང་ད་ལྟ་འཕྲུལ་ཆས་བ ཀོལ་སྤྱོད་ལ་བྱང་ཡོད།

བ ཅར་འདྲི་བྱེད་པའི་ཁྲོད་དུ། གསར་འགོད་པས་རྒྱུས་ལོན་བྱུང་བ ་ལྟར་ན། མིག་སྔར་བ ཟོ་གྲྭའི་ནང་ཁྱིམ་ཚང་བ ཅུ་ལྷག་གི་བ ཟོ་བ ་བ ཞི་བ ཅུ་ལྷག་བ སྡུས་ཡོད། བ ཟོ་བ ་རེའི་ལོ་རེའི་ཡོང་སྒོར་སྒོར་ཁྲི་གཉིས་ཡན་ལ་སླེབ ས་པས། དབུལ་ཐར་ཁྱིམ་ཚང་གི་དབུལ་ཐར་གྲུབ ་འབྲས་སྔར་ལས་སྲ་བ རྟན་དུ་གཏོང་བ ར་ཕན་ཆེན་པོ་ཐོགས།

དེ་ལས་གཞན། ཀོས་ནན་བ ལ་ནག་གི་ཕྲ་མོ།འཇམ་པོ། གཙང་མ། དྲོན་པོ་བ ཅས་ཀྱི་ཁྱད་ཆོས་ལ་བ རྟེན་ནས།བ ལ་གྱི་ཉལ་ཐུལ་བ ཟོ་བ ་ལས་གཞན།ད་རུང་བལ་གདན་དང་སྔས་འབོལ།ཉལ་གདན།སྐེ་དཀྲིས།འདྲུད་ལྷམ་སོགས་ཀྱི་བལ་ནག་ཐོན་རྫས་གསར་པ་རབ་དང་རིམ་པ་གསར་སྤེལ་བྱས།བ ཟོ་གྲྭས་ཐོན་སྐྱེད་ལག་རྩལ་མཐོར་འདེགས་དང་བཟོ་རྩལ་བསྒྱུར་བཀོད།སྤུས་ལེགས་རྒྱུ་ཆ་ལེགས་འདེམས།ཐུམ་འཇུག་གི་རྒྱུ་སྤུས་བ ཅས་མུ་མཐུད་དུ་མཐོར་འདེགས་སུ་བ ཏང་སྟེ།བ ལ་ནག་ཐོན་རྫས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཇེ་ཡངས་ནས་ཇེ་ཡངས་སུ་བཏང་།

ཐར་ཤུལ་ཤང་རྟ་ལུང་སྡེ་བ འི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལིག་ཝེ་སའོ་ཡིས་ལོ་འདི་འགའི་རིང་ལ།ཀོས་ནན་རྫོང་གིས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བ རྟེན་ནས། བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་རྩྭ་སྟེ་ཐོན་ལས་ཆེན་པོ་ལྔ་གཙོར་བ ཟུང་ནས་འཛུགས་སྐྲུན་བྱས་པ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཟོང་རྟགས་བ སྐྲུན་པའི་ཐད་ནས་གྲུབ ་འབྲས་མངོན་གསལ་བླངས་ཡོད་ཅེས་བ ཤད་པ་དང་། ཕྱིན་ཆད་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འཕེལ་རྒྱས་དང་རྒྱ་བ སྐྱེད་ཀྱི་ལམ་ཁར་བ སམ་གཞིག་དང་འཆར་གཞི་བ ཀོད་ནས། ཐོན་ལས་སྦྲེལ་ཐག་ཁྱོན་ཡོངས་ནས་བསྲིང་རྒྱུ་དང་།ཀོས་ནན་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་བལ་ནག་ཐོན་ལས་དེ་རྫོང་ཡོངས་ཀྱི་གྲོང་གསེབ ་དར་སྤེལ་ལ་སྐུལ་འདེད་གཏོང་བ འི་སྣེ་འདྲེན་སྟོབས་ལྡན་ཞིག་ལ་འགྱུར་དུ་འཇུག་རྒྱུ་ཡིན་ཟེར།(ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།)