རང་ཁུལ་གྱི་ཁེ་ལས་ཀྱིས་ཁོར་སྲུང་ཀྲུའུ་རེན་བསྐོ་འཇོག་བྱ་རྒྱུ་རེད།
རང་ཚགས་པར་གྱི་འཕྲིན།ཟླ3པའི་ཚེས20ཉིན།གསར་འགོད་པས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་རྒྱུས་ལོན་བྱུང་བ ་ལྟར་ན།རང་ཁུལ་གྱིས་ཁེ་ལས་ཁོར་སྲུང་ཀྲུའུ་རེན་གྱི་དོ་དམ་ལམ་ལུགས་ཚོད་ལྟ་བྱེད་མགོ་བ རྩམ་ཤིང་།ཁེ་ལས་ཀྱིས་ཁོར་སྲུང་ཀྲུའུ་རེན་ཆེད་དུ་བ ཀོད་སྒྲིག་བྱས་ནས།ནང་ཁུལ་གྱི་ཁོར་སྲུང་དོ་དམ་བྱ་བ ་འགན་ལེན་བྱེད་པར་མ་ཟད།ཁོར་སྲུང་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་རང་གིས་རང་ལ་ལྟ་སྐུལ་དང་དོ་དམ།བ ཅོས་སྐྱོང་བ ཅས་བྱ་རྒྱུ་རེད།
《ལམ་ལུགས》དེར་བ སྡོམས་པས་ལེའུ3དང་དོན་ཚན29ཡོད་ལ། མཚོ་ལྷོ་ཁུལ་གྱི་བ ཙོག་ཆུ་གཙང་སེལ་དང་ཚོང་ཟོག་ཨར་འདམ།གཅིག་བ སྡུས་དྲོད་འདོན། ཨར་འདམ་བ ཟོ་སྐྲུན། གད་སྙིགས་གཙང་སེལ། གཏེར་ཁུལ། སྣུམ་སྣོན་ས་ཚིགས། སྨན་བ ཅོས་འཕྲོད་བ སྟེན། གསོ་སྤེལ།བ ཤས་ར། འོད་བ སྡུ། རླུང་གློག འཛུགས་སྐྲུན་གཞུང་ལམ་བ ཟོ་སྐྲུན། རླངས་འཁོར་ཞིག་གསོ་སོགས་ཁེ་ལས་ཀྱི་རིགས་སོ་སོར་ཁོར་སྲུང་སྒྲིག་གཞི་བ ཀོད་སྒྲིག་བྱས་ནས། ཁོར་སྲུང་དོ་དམ་ནུས་པ་ཡོད་པའི་ཁོར་སྲུང་ཀྲུའུ་རེན་བ ཞག་སྟེ། རང་འགུལ་ངང་དམིགས་ཚད་དང་རེའུ་མིག་ལ་རྒྱལ་ཁབ ་ཀྱི་འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བ ཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་གཏན་འབེབ ས་བྱས་ཤིང་།《ལམ་ལུགས》ནང་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་ཀྲུའུ་རེན་གྱིས་ཁེ་ལས་ལ་སྦགས་བ ཙོག་འགོག་བ ཅོས་ཀྱི་འགན་འཁྲི་ལག་བ སྟར་བྱ་རྒྱུར་རོགས་སྐྱོར་བྱས་ཏེ། རྩ་བ ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ ་དང་ཁེ་ལས་ཀྱིས་ཁོར་ཡུག་དོ་དམ་གྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་ཏེ།ཁེ་ལས་ཀྱི་ལྗང་མདོག་རྒྱུན་མཐུད་དང་སྤུས་ཚད་མཐོ་བ འི་འཕེལ་རྒྱས་ལ་ཞབ ས་ཞུ་དང་འགན་ལེན་བྱས་ནས། རྒྱལ་ཁབ ་དང་ཞིང་ཆེན། རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བྱས།《ལམ་ལུགས》ལས་སྤྱིའི་དོན་ཚན་དང་། ཁེ་ལས་ཀྱི་ཁོར་སྲུང་ཀྲུའུ་རེན་གྱི་འགན་འཁྲི་གཙོ་བོ།བྱ་དགའ་ཆད་གཅོད་བྱེད་ཐབ ས་སོགས་ཀྱི་ཐད་ནས་ཁེ་ལས་ཀྱིས་ཁེ་ལས་ཀྱི་ཁོར་སྲུང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོང་ཞིབ ་ཕྲ་ཅན་གྱི་དོ་དམ་བྱ་བ ་ལེགས་པར་སྒྲུབ ་པ། ཁེ་ལས་ལ་དོན་ཚན་རྣམ་པའི་དཔྱད་གཞིའི་གཞི་འཛིན་ས་འདོན་སྤྲོད་བྱས་ཏེ།སྐྱེ་ཁམས་མཚོ་ལྷོ་དང་ལྗང་མདོག་མཚོ་ལྷོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་འདོན་དགོས།།