བལ་ནག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།


ཚང་མ་བ དེ་མོ་ཡིན་ནམ། ངའི་ཐད་གཏོང་ཁང་དུ་ཐོན་པར་དགའ་བ སུ་ཞུ། ད་ལྟ་ཁྱེད་ཀྱི་མིག་ལམ་དུ་མངོན་པའི་ཐོན་རྫས་འདི་ནི་ང་ཚོའི་བ ཟོ་གྲྭས་བ ཟོས་པའི་བ ལ་ནག་གི་ཉལ་ཐུལ་ཡིན། ཡང་མོ་དང་དྲོན་པོ་ཡིན་པས། ཁྱེད་ཀྱིས་བ ཀོལ་ན་གཉིད་ཁུགས་པར་ཕན།

ཉལ་ཐུལ་གྱི་ཆེ་ཆུང་ག་འདྲ་ཡིན་ཞེས་དྲ་གྲོགས་ཤིག་གིས་དཔྱད་བ རྗོད་སྤེལ་སའི་ནང་དུ་དེ་ལྟར་དྲིས།

ང་ཚོར་མི་གཉིས་དང་མི་གཅིག་གིས་བ ཀབ ་ཆོག་པའི་ཉལ་ཐུལ་སྣ་ཁ་གཉིས་ཡོད་པས་གང་བ དམས་ནའང་ཆོག མི་གཉིས་ཀྱིས་འགེབ ་པའི་ཉལ་ཐུལ་གྱི་ཆེ་ཆུང་ནི་ཞེང་ལ་སྨི་གཉིས་དང་རིང་ཚད་ལ་སྨི་གཉིས་དང་གྲངས་ཆུང་གསུམ་ཡོད། མི་གཅིག་གིས་བ ཀབ ་ཆོག་པའི་ཉལ་ཐུལ་གྱི་ཆེ་ཆུང་ནི་ཞེང་ལ་སྨི་གཅིག་དང་གྲངས་ཆུང་བ ཅུ་དང་རིང་ཚད་ལ་སྨི་གཅིག་དང་གྲངས་ཆུང་ལྔ་ཡོད་པས།རང་གི་དགོས་མཁོ་ལྟར་ཉོས་ཆོག

ཉེ་ལམ།ཀོས་ནན་རྫོང་ཐར་ཤུལ་ཡུལ་ཚོ་རྟ་ལུང་སྡེ་བ འི་མཐོ་སྒང་བ ལ་ནག་ལས་སྣོན་བ ཟོ་གྲྭའི་ནང་བ ཟོ་གྲྭའི་འགན་འཁུར་བ ་ཡུམ་བ བ་དང་བ སོད་ནམས་སྐྱིད་གཉིས་ཀྱིས་ཐད་གཏོང་ལས་ཚོང་རྒྱག་བ ཞིན་འདུག་ལ།མཚམས་ལན་རེར་ཐད་གཏོང་ནང་དུ་དྲ་གྲོགས་རྣམས་ལ་ཁ་བ རྡ་བྱེད་བ ཞིན་ཡོད།

བ ལ་གྱི་ཉལ་ཐུལ་འདི་ནམ་ཞིག་ལ་བ སྐུར་ཐུབ ་བ མ།

སང་ཉིན་བ སྐུར་ཐུབ ། གྲོགས་པོ་རྣམས་ཀྱིས་ཉིན་གསུམ་ནས་ཉིན་ལྔ་ལ་བ སྒུག་ན་ཆོག ངེད་ཚང་གི་དྲོད་འཇམ་བ ལ་གྱི་ཉལ་ཐུལ་དང་མཐུག་པོའི་འདྲུད་ལྷམ། ཞིབ ་མོར་བ ཟོས་པའི་བ ལ་གྱི་སྐེ་དཀྲིས་སོགས་བ ལ་ནག་གི་ཐོན་རྫས་འདི་དག་ཉོས་ན་མྱུར་མོར་ཁྱེད་ཚོའི་ལག་ཏུ་འབྱོར་ཐུབ །

གློག་རྡུལ་ཚོང་ལས་ལ་འཇུས་པ་ནས་བ ཟུང་།ཡུམ་བ བས་འཁྱུག་དབྱིངས་དང་མགྱོགས་འཕྲིན་གྱི་སྟེགས་བུ་བ རྒྱུད་ནས། ཕྱིར་འཚོང་གི་ཐབ ས་ལམ་རྒྱ་བ སྐྱེད་ཅིང་ལུག་བ ལ་ཉལ་ཐུལ་གྱི་ཕྱིར་འཚོང་ཐད་ཀར་མཐོར་འདེགས་སུ་བ ཏང་། ལོ་གསར་སྐབ ས་སུ་ཉལ་ཐུལ360བ ཙོངས་ཟིན་ཞེས་ཡུམ་བ བས་དེ་ལྟར་བ ཤད། ཁོའི་ལུག་བ ལ་གྱི་ཉལ་ཐུལ་ཞིང་ཆེན་ནང་ཁུལ་དུ་བ ཙོངས་པར་མ་ཟད། ད་རུང་དྲ་ལམ་བ རྒྱུད་ནས་ཀན་སུའུ་དང་ལྷ་ས།བྱང་ཤར་ས་ཁུལ།སི་ཁྲོན་སོགས་ཀྱི་ས་ཆ་ལའང་འཚོང་བ ཞིན་ཡོད།

ལོ་གསར་གྱི་སྔོན་དུ། བ ཟོ་བ ་རྣམས་ཀྱིས་ལས་ཡུན་བ སྲིངས་ཅི་ཐུབ ་ཀྱིས་བ ལ་ནག་གི་ཐོན་རྫས་རྣམས་དྲས་ཤིང་བ ཟོས་ཏེ་ལོ་གསར་སྐབ ས་ཀྱི་མངག་ཉོ་བྱས་ཡོད་པའི་ཚོང་རྫས་ཚང་མ་གྲ་སྒྲིག་བྱས་པ་ཡིན་ཞེས་ཡུམ་བ བ་ཡིས་རི་མོ་སྣ་ཚོགས་གཙགས་ཡོད་པའི་ཉལ་ཐུལ་གསར་འགོད་པར་སྟོན་ཞོར་དུ་དེ་ལྟར་མཚམས་སྦྱོར་བྱས།

ཀོས་ནན་རྫོང་དུ་ཁྱིམ་ཚང་མང་ཤས་ཀྱི་ནོར་ལུག་གསོས་ཡོད་ལ།འོ་མའི་ཐོན་རྫས་དང་ཤའི་ཐོན་རྫས་ལ་བ རྟེན་ནས་ཁེ་སྤོགས་རག་བ ཞིན་ཡོད། ཆུང་དུས་ནས་ནོར་ཁྱུ་དང་ལུག་ཁྱུའི་གསེབ ་ནས་འཚར་ལོངས་བྱུང་ཞིང་ལུག་བ ལ་གྱི་དྲོད་འཇམ་ལོངས་སུ་སྤྱོད་བ ཞིན་པའི་ཡུམ་བ བ་ཡིས་ཀོས་ནན་རྫོང་མི་དམངས་སྲིད་གཞུང་གིས་བ ལ་ནག་ལས་དོན་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་གཏོང་བ འི་གོ་སྐབ ས་དམ་འཛིན་བྱས་ཏེ་བ ལ་ནག་ཐོན་ལས་འབ ད་བ ཞིན་ཡོད།

སྐབ ས་དེར་སྡེ་མི་མང་པོ་ཞིག་གིས་ལུག་ཤ་ཕྱིར་འཚོང་གི་ཕྱོགས་ལ་བྲེལ་བ ཞིན་ཡོད་པས།བྲེགས་ཡོང་བ འི་བ ལ་ནག་བེད་མེད་དུ་བ སྐྱུར་ཡོད་པའི་གནས་ཚུལ་དེ་མཐོང་རྗེས། ཡུམ་བ བས་ཚོང་གླགས་དེ་རྙེད་ནས།རང་ཡུལ་གྱི་མང་ཚོགས་རྣམས་ལ་ཆེས་རྒྱུས་མངའ་ཆེ་བ འི་ལུག་བ ལ་ལ་འཇུས།

ཡུམ་བ བའི་མིག་ནང་དུ། བ ལ་ནག་གི་ཚི་སྣ་རིང་བ ་དང་ཁུལ་གྱི་རྫོང་མཐུག་ཅིང་དྲོད་ཆེ་བ ་དེ་ནི་ཁྲོམ་ར་འཛིན་ཐུབ ་པའི་གནད་འགག་ཡིན་པར་འདོད།ཡང་བ ་དང་འཇམ་པོ་ཡིན་པའི་ཁྱད་ཆོས་ལྡན་ལ། གཉིད་སྐྱིད་པོ་ཁུགས་ཐུབ ། དེ་ལས་གཞན། སྲིན་འབུ་འགོག་པ་སོགས་ཀྱི་ཁྱད་ཆོས་ཀྱང་ལྡན་ཞེས་ཡུམ་བ བ་ཡིས་གསར་འགོད་པར་དེ་ལྟར་བ ཤད།

ཀོས་ནན་རྫོང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ ་སྐྱོར་དང་རོགས་རམ་འོག ཡུམ་བ བས་རྒྱ་ཁྱོན་ལ་སྨི་གྲུ་བ ཞི་མ6666ཡོད་པའི་བ ལ་ནག་གི་བ ཟོ་གྲྭ་ཞིག་ཕྱེ་ནས་འཕྲུལ་ཆས་སྣ་ཚོགས་ཉོས་ཤིང་།ལས་སྐྲུན་གྱི་ཕུགས་འདུན་མངོན་འགྱུར་བྱས་པ་དང་མཉམ་དུ།ཡུལ་ཕྱོགས་ཀྱི་འབྲོག་པ་རྣམས་ལ་སྣེ་ཁྲིད་དེ་བ ལ་ནག་འཐག་པའི་འཚོ་བ ་གསར་པ་ཞིག་རོལ་དུ་བ ཅུག(འཕྲོ་མ་པར་ངོས3པར་གཟིགས།)