ཞིན་ཧེ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་བ།

《 海南报-藏文 》( 2025年07月02日 第 02 版 )

རང་ཚགས་པར་གྱི་འཕྲིན།ལོ་སྟོད་ནས་བཟུང་།ཞིན་ཧེ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཕྱི་ཚུལ་རིང་ལུགས་ཀྱི་སྤྱོད་སྟངས་ཚབས་ཆེན་ཡིན་པ་ལེགས་བསྒྱུར་བྱས་ཏེ་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་ཁུར་པོ་ཇེ་ཡང་དུ་བཏང་བ་རེད།

ཞིན་ཧེ་རྫོང་གིས་ཕྱི་ཚུལ་རིང་ལུགས་ཀྱི་སྤྱོད་སྟངས་ལེགས་བསྒྱུར་གྱིས་གཞི་རིམ་ལས་བྱེད་པའི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་སྤེལ་བ་དང་།མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ།རུལ་སུངས་ཀྱི་གནད་དོན་ཐག་གཅོད་བྱེད་པ་གཞི་རྩར་བཟུང་སྟེ། དུས་ལྟར་རྟོག་ཞིབ་དང་གནད་དོན་ཐག་གཅོད་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱི་སྤྱོད་སྟངས་ལེགས་བསྒྱུར་གྱིས་གཞི་རིམ་ལས་བྱེད་པའི་ཁུར་པོ་ཇེ་ཡང་དུ་གཏོང་བར131བྱ་བའི་བྱེད་ཐབས་བཏོན་ནས།ལས་ཁུངས་སོ་སོ་དང་སྡེ་ཚན་ཁག་སོ་སོས་ལག་བསྟར་ནན་མོ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་པའི་འགན་འཁྲི་ནན་འཁུར་བྱས་ལ།ཡིག་ཆའི་དོ་དམ་གཏན་འབེབས་ལག་བསྟར་བྱས་ཏེ་ལས་ཁུངས་སོ་སོས་ཡིག་ཆ་བཀྲམ་སྐབས་གཏན་འབེབས་ནང་ལྟར་ལག་བསྟར་བྱེད་པ།ཚོགས་འདུ་ཇེ་ཉུང་གཏོང་བ་དང་། རྫོང་ཡོངས་སུ་དགོས་མཁོ་མེད་པའི་བྱ་བའི་ཚོགས་པ་མེད་པར་བཟོ་བ།གཞི་རིམ་གྱི་དབང་ཆ་བཀག་སྡོམ་བྱས་པའི་དོན་དག་ཚད་ལྡན་དུ་གཏོང་བ།ལས་བྱེད་པ་མང་པོ་རྫོང་དཔེ་སྟོན་ཅན་དང་ཚད་ལྡན་ཅན་དུ་གཏོང་བའི་བྱ་འགུལ་ནང་ཞུགས་ནས་དོན་དངོས་ཀྱི་རིན་ཐང་མེད་པ་དང་རྙོག་འཛིང་ཆེ་བའི་ལས་དོན་ཁྲོད་ནས་ཕྱིར་འཐེན་བྱས་ཤིང་། ཤང་དང་གྲོང་རྡལ་གྱི་འགན་འཁྲི་སྒྲུབ་པའི་དོན་དག་གི་ཞིབ་ཐོའི་བྱ་བ་ལག་བསྟར་ཚན་ཆུང་དང་བྱ་བའི་ཆེད་སྦྱོང་འཛིན་གྲྭ་བཙུགས་ནས་ཤང་དང་གྲོང་རྡལ་གྱི་འགན་འཁྲི་སྒྲུབ་པའི་བྱ་བའི་ཞིབ་ཐོའི་ལས་འགན་ལས་བགོས་དང་།དྲ་རྒྱའི་གནས་ཚུལ་ལྟ་སྐུལ་ཚོད་འཛིན་སྡེ་ཁག་མཉམ་འབྲེལ་བྱེད་པའི་ལམ་སྲོལ་བཙུགས་ཏེ།བྱ་བ་སྒྲུབ་པའི་སྟོབས་ཤུགས་ཆེར་བསྐྱེད་ལ།ལས་འགན་ཁག་བགོས་གསལ་བོ་བཟོས་ནས་ཤང་གྲོང་གི་འགན་འཁྲི་སྒྲུབ་པའི་བྱ་བའི་ཞིབ་ཐོའི་ལས་འགན་གོ་རིམ་ལྡན་པར་སྤེལ་བར་འགན་ལེན་བྱས་པ་དང་།གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཕན་འབྲས་དངོས་ཐོན་པར་ནུས་པ་གལ་ཆེན་བཏོན།།