དངུལ་ཁང་དུ་སྨན་བཅོས་འགན་སྲུང་གི་ཞབས་ཞུ་བསྒྲུབ་མགོ་བརྩམས་པ།
《 海南报-藏文 》( 2025年07月02日 第 02 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་སྨན་བཅོས་འགན་སྲུང་ཅུའུ་དང་ཀྲུང་གོ་དངུལ་ཁང་མཚོ་ལྷོའི་ཡན་ལག་དངུལ་ཁང་གིས་མཉམ་དུ་བཙུགས་པའི་དངུལ་ཁང་གི་སྨན་བཅོས་འགན་སྲུང་ཞབས་ཞུ་བསྒྲུབ་པའི་ས་ཚིགས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད།
ས་ཚིགས་འདིར་དངུལ་ཁང་གི་དྲ་གནས་དང་སྨན་བཅོས་འགན་སྲུང་ཞབས་ཞུ་མཉམ་སྦྲེལ་བྱས་ཤིང་།མང་ཚོགས་ཀྱིས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་དངུལ་སྤྲོད་སྐབས་རང་ཉིད་དང་ཐག་ཉེ་སའི་དངུལ་ཁང་དུ་སྤྲད་ཆོག་པ་དང་།ས་གནས་དང་སྒྲིག་གཞིའི་ཚོད་འཛིན་མེད་པར་བཟོས་ཡོད་པས།མང་ཚོགས་ལ་ཧ་ཅང་སྟབས་བདེ་བསྐྲུན་ཡོད།ཞབས་ཞུ་འདི་ལས་ས་གནས་སྲིད་གཞུང་དང་དངུལ་རྩའི་ལས་ཁུངས་ཀྱིས་མི་དམངས་གཙོར་འཛིན་པ་དང་དམངས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབ་པའི་ཆོད་སེམས་མཚོན་ཡོད་ལ།གསར་གཏོད་ཅན་གྱི་ཞབས་ཞུ་འདི་མགོ་བརྩམས་པ་ནས་བཟུང་།མཚོ་ལྷོ་ཁུལ་གྱི་དམངས་ལ་སྟབས་བདེ་བསྐྲུན་པའི་སྨན་བཅོས་འགན་སྲུང་ཞབས་ཞུ་དེ་དུས་རིམ་གསར་པ་ཞིག་ཏུ་སླེབས་པའང་མཚོན་ཡོད།།