ཟླ1པོ་ནས5པའི་བར་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་བསྐྱོད་གནས་ཚུལ་ཅུང་ལེགས་པའི་ཕྱོགས་སུ་སོང་བ།

《 海南报-藏文 》( 2025年07月02日 第 02 版 )

རང་ཚགས་པར་གྱི་འཕྲིན། ཟླ1པོ་ནས5པའི་བར།རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་གང་ཐད་ནས་ཇེ་ལེགས་སུ་སོང་བའི་ཡོད་ལ།གཞི་ཁྱོན་ཡན་གྱི་བཟོ་ལས་བརྟན་པོ་ཡིན་པ་དང་མ་དངུལ་གཏོང་ཚད་ཇེ་ལེགས་སུ་ཕྱིན་པ།འཛད་སྤྱོད་ལེགས་ཤིང་ནོར་སྲིད་ཀྱི་དངུལ་རྩ་བརྟན་པ།གྲོང་མིའི་འཚོ་བ་གཏན་འཇགས་བཅས་ཡིན་པས།ཁྱབ་ཁོངས་སོ་སོར་འཕེལ་རྒྱས་ཀྱི་རྣམ་པ་ཅུང་ལེགས་པའི་ཕྱོགས་སུ་སོང་ཡོད།

ཟླ1པོ་ནས5པའི་བར་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཚད་བརྟན་པ་དང་།རླུང་ཤུགས་གློག་འདོན་ལས་རིགས་ཀྱི་འཕར་ཚད་ཇེ་མགྱོགས་སུ་སོང་ནས།19.85%ལ་སླེབས་པ་དང་།ཆུ་ཤུགས་གློག་འདོན་ལས་རིགས་དེ་དཀར་མོ་གཡང་འཁྱིལ་ཆུ་གློག་ས་ཚིགས་ལ་བརྟེན། འཕར་ཚད་བརྟན་པོ་ཡིན་པས་རླུང་དང་ཆུའི་བཟོ་ལས་འཕར་བར་ནུས་པ་གལ་ཆེན་བཏོན་ཡོད། ལས་རིགས་གཙོ་བོ་དྲུག་ལས་གཉིས་འཕར་ཡོད་པ་དང་བཞི་མར་ཆག་ཡོད་ལ།ཞིང་ལས་ཀྱི་ཟས་རིགས་ལས་སྣོན་དང་ཟས་རིགས་བཟོ་བའི་གནས་ཚུལ་འབུར་ཐོན་ཡིན་ཞིང་། སོ་སོའི་འཕར་ཚད55.5%དང27.8%ཟིན་ཏེ་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་བར་ཕན་ནུས་ལེགས་པོ་ཐོན་ཡོད།

ཟླ1པོ་ནས5པའི་བར།ཁུལ་ཡོངས་སུ་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར55.1ལེགས་འགྲུབ་བྱུང་ཡོད་ནའང་སྔོན་ལོ་ལས22.2%མར་ཆག་ཡོད།ཡིན་ཡང་ཟླ1པོ་ནས3པའི་བར་དང་ཟླ1པོ་ནས4པའི་བར་བསྡུར་ན་སོ་སོར17.9%དང15.1%ཡར་འཕར་ཡོད།ནུས་ཁུངས་གཙང་མའི་ལས་གཞིའི་མ་དངུལ་གཏོང་ཚད་མར་ཆག་བཞིན་ཡོད་ནའང་ཆག་ཚད་མུ་མཐུད་དུ་ཇེ་ལེགས་ཕྱིན་ཏེ་སྤྱིའི་མ་དངུལ་གཏོང་ཚད་ལས70%བཟུང་ཡོད།མ་དངུལ་གཏོང་བའི་ཐད་ལ་བལྟས་ན།ལས་གཞིར་གཏོང་བའི་མ་དངུལ་དང་ས་ཁང་བདག་ཁོངས་གསར་སྤེལ་ཕྱོགས་གཏོང་བའི་མ་དངུལ་གྱི་གནས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།དཀར་མོ་གཡང་འཁྱིལ་དང་ཐུན་ཏེ་ཕྱུགས་རིགས་ཆུ་འདྲེན་ནུས་གསོག་སོགས་ལ་དུང་ཕྱུར་བརྒྱ་ཅན་གྱི་ལས་གཞི་གསུམ་ལག་བསྟར་བྱེད་པར་ཤུགས་འདོན་བཞིན་ཡོད་པ་རེད།

ཟླ1པོ་ནས5བར།ཁུལ་ཡོངས་ཀྱི་ཚད་བཀག་ཅན་ཡན་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་གི་སྤྱི་འབོར་སྒོར་དུང་ཕྱུར7.15ལ་སླེབས་ནས་ལོ་སྔོན་མ་ལས13.%འཕར་ཡོད།རྡོ་སྣུམ་གྱི་བཟོས་རྫས་སིལ་ཚོང་གི་གནས་ཚུལ་ལེགས་པ་དང་།ཟླ5པའི་བར་སིལ་ཚོང་གི་འབོར་ཚད་སྒོར་དུང་ཕྱུར5.53ལ་སླེབས་ནས།སྔོན་ལོ་ལས17.4%འཕར་བས་ཚད་བཀག་ཅན་ཡན་གྱི་སིལ་ཚོང་སྤྱི་འབོར་འཕར་བར་ནུས་པ་གལ་ཆེན་ཐོན།ཚོང་ཟོག་སིལ་ཚོང་དེ་འཛད་སྤྱོད་ཀྱི་ཡོང་སྒོ་འཕར་བའི་ཕན་ནུས་གལ་ཆེན་ཞིག་ཏུ་གྱུར་ལ།མགྲོན་ཁང་དང་ཟ་ཁང་གི་སིལ་ཚོང་ལ་འགྱུར་བ་ཅུང་ཡོད་ནའང་ཁྲོམ་རའི་སྤྱི་ཡོངས་ཀྱི་གནས་ཚུལ་ཧ་ཅང་ལེགས་པོ་ཡིན་པས།བདེ་སྐྱིད་སྒོ་རྩིས་ཚོང་ཁང་དེ་འཛད་སྤྱོད་ཀྱི་ཡོང་སྒོ་འཕར་བའི་སྒུལ་ཤུགས་གསར་པར་གྱུར་ཡོད།

ཟླ1པོ་ནས5པའི་བར།སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ0.3%ཅུང་མར་ཆག་ཡོད་མོད།ཁྲལ་བསྡུའི་ཡོང་འབབ9.9%འཕར་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཅུང་འབུར་ཐོན་བྱུང་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སྒོ2.4%འཕར་ནས།དམངས་ཚིས་འཕེལ་རྒྱས་གཏོང་བར་འགན་སྲུང་བརྟན་པོ་བྱས་ཤིང་།དངུལ་རྩའི་ལས་ཁུངས་ཀྱི་བསགས་དངུལ་ལྡབ་གཉིས་ཡར་འཕར་ཏེ་བསགས་ཚད་ཀྱི་སྒོར་གྲངས་སྒོར་དུང་ཕྱུར274.97ལ་སླེབས་པ་དང་བསྐྱི་དངུལ་གྱི་སྒོར་གྲངས་སྒོར་དུང་ཕྱུར251.75ལ་སླེབས་ཡོད་པས།དཔལ་འབྱོར་གོང་དུ་འཕེལ་བར་ཕན་ནུས་གལ་ཆེན་ཐོན་ཡོད།

གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་བརྟན་པོ་ཡིན་པ་དང་། ཆབ་ཆ་ས་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་བསྡུར་ཚད་རིམ་རྩིས་བྱས་ན0.1%མར་ཆག་ཡོད།ཚོང་ཟོག་ཆེ་བ་རིགས་བརྒྱད་དང་ཞབས་ཞུའི་རིན་གོང་ལས་རིགས་ལྔ་ཡར་འཕར་ཡོད་པ་དང་གསུམ་མར་ཆག་སྟེ་གྲོང་མིའི་འཚོ་བ་བརྟན་པོ་ཡོང་བར་འགན་སྲུང་བྱས་ཡོད་པར་མ་ཟད།ཚོང་རའི་དགོས་མཁོ་དང་འདོན་སྤྲོད་ཀྱི་གནས་ཚུལ་དོ་མཉམ་ཡོང་བའང་མཚོན་ཡོད།།