གུང་ཧོ་ཁྲིམས་འཛིན་ལག་བསྟར་ཅུའུ་ཡིས་མང་ཚོགས་ཀྱི་སྒོར་ཁྲི18ཡི་གྱོང་གུད་མེད་པར་བཟོས་པ།
《 海南报-藏文 》( 2025年07月02日 第 02 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།གུང་ཧོ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་ལག་བསྟར་ཅུའུ་ཡིས་ཁྲིམས་འཛིན་ཞིབ་བཤེར་ཁྲོད་དཔེ་ཁང་ཞིག་གིས་དོ་སྣང་མ་བྱས་པར་ལྐོག་དཔར་བྱས་ཡོད་པའི་དཔེ་དེབ་སིལ་འཚོང་བྱས་ཏེ་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་པའི་གནད་དོན་ཞིག་བདེ་བླག་ངང་ཐག་གཅོད་བྱས་ཏེ། དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི118མེད་པར་བཟོས་ནས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས།
རྒྱུས་ལོན་བྱུང་པ་ལྟར་ན། ད་ལོ། རྫོང་དེས་མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་དངོས་ཁག16ཕྱོགས་ལ་འབད་འབུངས་བྱས་ཏེ།གོང་འོག་གིས་ལྟ་སྐུལ་དོ་དམ་ལ་ཤུགས་བཏོན་ནས་མང་ཚོགས་ལ་བསམ་འཆར་ཆེ་བ་དང་གནད་དོན་ཚབས་ཆེན་ཡིན་པ་ཐག་གཅོད་བྱས་ཏེ། སྒོར་ཁྲི478.6097གྱི་དཔལ་འབྱོར་གྱོང་གུན་མེད་པར་བཟོས་ནས།སྒོར་ཁྲི4371.297མང་ཚོགས་ལ་ཕྱིར་སྤྲད་པ་རེད།