འདུ་འབྲལ་འཐག་པའ་གླུ།
མགོ་ལོག༽ གངས་ཚ་འཇོམས།
《 海南报-藏文 》( 2024年09月04日 第 04 版 )
སེམས་ཀྱི་གཏིང་ན་དཀྲོལ་བའི་རོལ་མོ་ཡི་སྒྲ་དབྱངས།།ཡིད་ཀྱི་གདུང་བ་མཚོན་པའི་སྙན་ངག་གི་མེ་ཏོག།རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་སེམས་བསྐྱེད་ཅིག་ཡོད་ན།།འདོད་དགུའི་བསླུ་བྲིད་ལ་སོགས་སྐར་ཚོགས་བཞིན་འཐིབས་ཀ་ྱ་་ང་།།དབྱངས་གསལ་འཕྲོད་སྦྱོར་བར་ན་བདེ་ལེགས་དུ་བཞུར་བའི།།བླ་དང་སྲོག་གིས་བྲིས་པའི་སྙན་ངག་འདིའི་དབྱངས་རྟ།།གསེར་དངུལ་ཞུན་མར་བཞུས་པའི་ཉིང་བཅུད་དེ་ཡིན་ནོ།།དྭངས་གཙང་ཕྱི་ནང་གསལ་བའི་བདག་སེམས་ཀྱི་དབུས་ན།།བདུད་རྩི་ལྟ་བུའི་འཛད་མེད་སྙན་ངག་ཅིག་འཁྱིལ་ཡོད།།ནང་སེམས་ཤིན་ཏུ་འཁྱག་པའི་སྟོན་མཇུག་གི་མཚན་མོར།།འདུས་ཤིང་བྲལ་བའི་མི་དག་རེ་རེ་བཞིན་དྲན་ཏེ།།ཆོས་ཉིད་ཨ་མའི་ཕྱོགས་སུ་སྡང་སེམས་ཤིག་སྐྱེས་བྱུང་།།མཛའ་གཅུགས་སྙིང་གྲོགས་གང་དེར་འཕྲིན་ཡིག་ཅིག་སྤྲིངས་པ།།དགུང་གི་ཟླ་བས་གཟིགས་ཏེ་སེམས་གཅོང་ཞིག་གནང་བྱུང་།།ཚོན་མདོག་སྟོང་དང་ལྡན་པའི་སྣ་ཚ་དང་སྤུ་སྨྱུག།ཡིད་དུ་འོང་བའི་གྲ་སྒྲིག་གྱ་ནོམ་ཅིག་བྱས་ཏེ།།ཆགས་སྡང་རབ་ཏུ་དཀྲིགས་པའི་འཁོར་བ་ཡི་གཏམ་རྒྱུད། །རིག་བྱེད་ངག་ལ་བརྒྱུས་ཏེ་ཡང་ཡང་ཞིག་གླེང་བྱུང་།།སྐྱིད་སྡུག་གངས་མ་ཆར་གྱི་མི་ཁོམ་པའི་གནས་ན།།འཕྲལ་གྱི་བདེ་བ་ཙམ་ཞིག་ཡོད་པར་ཡང་མི་ཤོད།།སྐབས་ཤིག་འཆི་བ་འདི་ཡང་དངོས་གྲུབ་ཏུ་སེམས་སོ།།