དགེ་འདུན་འདུས་རི།
《 海南报-藏文 》( 2024年09月04日 第 04 版 )
རི་ཞིག་ཡིན་ནམ་སྙམ་ནས་ཡང་ཡང་བལྟས་པས།དགེ་འདུན་འདུས་པ་རྒྱ་མཚོ།མིག་ལམ་དུ་དམར་ལམ་མེར་འཕྱུར་ཡོང་།ཐེངས་དང་པོར་དགེ་འདུན་འདུས་རིར་འཛེག་དུས།བདེ་ཆེན་ཆོས་གླིང་དེ།མཚེར་ཤུལ་གྱི་རླུང་བུ་དང་འདྲ་བྱུང་།ལྷིང་འཇགས་མ་ཐེག་པའི་སེམས་ཁམས་རིགས་ཤིགས་སྲོད་ཀྱི་ཉི་ཟེར་ཀློང་དུ་འདྲེས་ནས།ཕངས་སེམས་ཀྱི་ངམ་ཁ་མཐོ་རུ་བསྐྱེད།ཐེངས་གཉིས་པར་དགེ་འདུན་འདུས་རིར་འཛེག་དུས།སྤྲིན་པ་འདུ་ཁང་གི་དཀར་རྩི་རུ་བྱུགས་ནས།ཐལ་སྐད་མང་བོ་རྡོ་གཅལ་ཐང་དུ་ལྷང་ལྷང་གྲགརྒྱ་ཕིབས་སྟེང་གི་ཕུག་རོན་དག་གིས།བག་ལྷོད་པོས།དུས་གསུམ་ལ་བསྟོད་གླུ་ལེན་གྱིན་འདུགདགེ་འདུན་འདུས་རི་ནས་བལྟས་ཚེ།བདེ་ཆེན་ཆོས་གླིང་གི་བར་སྣང་ནས།སྤྲིན་པ་དཀར་དམར་གཉིས་དུས་མཉམ་དུ་འཁྲིགས་ཏེ།རྨ་ཙོང་ཆུ་བོའི་ལྷོ་བྱང་ཡོངས་སུ་ཁེབས་བྱུང་།གཡེར་དྲིལ་སིང་སིང་།བདག་གི་སེམས་པ་སྒུལ་བྱུང་།དགེ་འདུན་འདུས་རི་ནས་ཕྱིར་མིག་ལྟ་དུས།ལོ་རྒྱུས་ལ་ཕྱི་མིག་ལྟ་བ་དང་མཚུངས།