ཁྲི་ལུང་དུ་འབྱོར་དུས།(ཞར་བཀོད་གཅིག)

༼ཟི་ལིང་།༽ གླིང་ཚ་སྙིང་རྒྱལ་འབུམ།

《 海南报-藏文 》( 2024年09月04日 第 04 版 )

ཁྲི་ལུང་དུ་་འ་བ་ྱོ་ར་་དུས།ཕྱི་དྲོ་ཟིན་འདུག

གྲིབ་མའི་ལག་་པ་ནུབ་་ན་ས་ཤར་དུ་བསྲིངས།

དེ་རིང་གི་ཆུ་ཚོད་ཉེར་་བཞི།

སང་ཉིན་གྱི་ཆུ་ཚོད་ཉེར་བཞིར་བསྲེས་ཏེ།

ངས་ཁྲི་ལུང་གི་ལོ་ཟླ་ག་ཚ་ོ་ད་ཡིན་པ་གཏིང་བརྗེད་དུ་གྱུར།

ཁྲི་ལུང་དུ་འབྱོར་དུས།

དགུན་ཁ་སླེབས་ནས་ཡ་ུ་ན་རིང་འགོར།

མདུན་རིར་ནགས་ཚལ་འཁྲིགས་ནའང་།

ཤུག་སྡོང་དང་ཁྲི་ལུང་ལ་ཁ་དོག་མེད་པར་ངོ་བོ་་་་་

གཅིག་ཏུ་གྱུར་འདུག

ཚོད་ཚོད་ལ།ངའི་ལུས་ཡོངས་སུ་གྲང་འདར་བརྒྱབ།

ཁྲི་ལུང་དུ་འབྱོར་དུས།

ང་ལོ་སོ་དྲུག་ལ་སོན་ཡོད།

མི་རྟག་པའི་རླུང་བུ་འཁྱག་ཤུར་ཤུར་གྱིས་ལྡང་ནས།

མི་ལོ་ཉིས་བརྒྱའི་སྔོན་གྱི་མཛེས་སྡུག་མཐའ་དག

དུས་ཚོད་ཀྱི་ཁ་ཟས་སུ་གྱུར་ཚར།

ཁྲི་ལུང་དུ་འབྱོར་དུས།

རི་བོར་ཁ་དོག་སྣ་ཚོགས་ཀྱི་དར་ལྕོག་བཀླུབས་འདུག

གཟིམ་ཁང་གི་བྱིན་རླབས་འཇའ་བཞིན་ཡལ་ཏེ།

ལྕགས་ཁང་གྱན་གཉིས་ཀྱི་ནང་།

བདག་འཛིན་གྱི་མཁའ་དབུགས་ཡར་ཡར་འཕག་་་་

གིན་འདུག

ཁྲི་ལུང་དུ་འབྱོར་དུས།

བཞུགས་ཁྲི་སྟོང་བ་ཁོ་ན་བདག་ལ་བསྐྱུར་བཞག

བདག་གིས།འཁོར་བ་ལ་ཤགས་བཀྱེས་མྱོང་བའི།

ཨ་སྐྱོ་པ་ཞིག་གིས་ཆོས་ཕུགས་སྤྲང་ལ་གཏད་པའི།

མི་ཚེ་ཧྲིལ་བོ་ཡང་ཡང་དྲན་ཏེ།

ང་ད་དུང་ཡིད་མ་ཚིམ།ཡིད་མ་ཚིམ།