གུང་ཧོས་བྱེད་ཐབས་སྣ་མང་སྤྱད་དེ་སྡེ་བའི་ འཇོན་མི་གསོ་སྐྱོང་བྱས་པ།

《 海南报-藏文 》( 2024年07月31日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་བའི་ལོ་འགའི་རིང་།གུང་ཧོ་རྫོང་གིས་འཇོན་མིིམ་གསོ་སྐྱོང་བྱེད་པའི་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན།ཤང་སྡེ་ལས་གཉེར་འཇོན་མི་དང་གཞི་རིམ་བཅོས་སྐྱོང་འཇོན་མི་གསོ་སྐྱོང་བྱས་ཏེ།གྲོང་གསེབ་དར་སྤེལ་གཏོང་བར་འཇོན་མིས་རོགས་སྐྱོར་ཐོབ་པར་རམ་འདེགས་བྱས།

གུང་ཧོ་རྫོང་གིས་མཚོ་ལྷོ་ཁུལ་གྱི་སྡེ་བ་རིམ་པའི་རྗེས་སྐྱོང་འཇོན་མི་གསོ་སྐྱོང་བྱེད་པའི་ལག་བསྟར་ཇུས་གཞིའི་ནང་ལྟར།ཕུལ་བྱུང་འཇོན་མི་འདེམས་པ་དང་སྡེ་བའི་ལས་བྱེད་པའི་དཔུང་ཁག་གིས་ཏང་གཤིས་སློབ་གསོ་གཏིང་ཟབ་དུ་སྤེལ་བ།སྡེ་བའི་ཧྲུའུ་ཅི་ཡིས་ཏང་གི་སློབ་ཁྲིད་བྱེད་པ།རོང་འབྲོག་པའི་ཏང་ཡོན་གྱིས་ཏང་གི་སློབ་ཁྲིད་བྱེད་པའི་བྱ་འགུལ་སྤེལ་བ་གཏན་འཁེལ་བྱས་ཏེ། ཟླ་རེར་སློབ་ཁྲིད་བཀོད་སྒྲིག་བྱེད་པ་དང་དུས་ཚིགས་རེར་ལག་བསྟར་དོན་འཁྱོལ་བྱེད་པ། ལོ་ཕྱེད་ནང་གྲུབ་འབྲས་ཁྱབ་བསྒྲགས་བྱེད་པའི་བྱ་བའི་སྒྲིལ་སྲོལ་བཙུགས་ནས་གུང་ཧོ་རྫོང་གི་འཇོན་མིའི365འབྲས་བུའི་བཟོ་སྐྲུན་ལག་བསྟར་བྱས་ནས་ཤང་སྡེ་འཇོན་མི་གསོ་སྐྱོང་བྱེད་པར་ནུས་ཤུགས་གལ་ཆེན་བཏོན།།