- 放大
- 缩小
- 默认
རང་ཁུལ་གྱིས་ཞིང་ཆེན་གྱི་བྱ་བའི་དམིགས་འབེན་འགན་འཁྲི་ལེགས་འགྲུབ་བྱས་པ།
《 海南报-藏文 》( 2024年07月31日 第 02 版 )
རང་ཚགས་པར་གྱི་འཕྲིན།ད་ལོའི་ལོ་སྟོད་ཀྱི་རིང་ལ།ཁུལ་བཟོ་ལས་ཆ་འཕྲིན་ཅུའུ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་བརྟན་པའི་འོགརང་ཁུལ་ལ་ཞིང་ཆེན་གྱིས་གཏན་འཁེལ་བྱས་ཡོད་པའི་དམིགས་འབེན་འགན་འཁྲི་ལེགས་འགྲུབ་བྱ་རྒྱུ་དེ་གཙོར་བཟུང་སྟེ་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་བྱ་བ་ལེགས་པོར་བསྒྲུབ་པ་དང་སྒྲིག་སྲོལ་དང་མཐུན་པར་ཁེ་ལས་གཉེར་སྐྱོང་བྱས་ཏེ་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་ཤུགས་བརྒྱབ་པས།ཐོན་འབབ་བརྟན་པ་དང་ཁེ་ལས་སྐྱོང་བ།ཡོང་སྒོ་འཕར་བ།འཕེལ་རྒྱས་ལ་སྐུལ་བ་བཅས་ཀྱི་ཕན་འབྲས་བཟང་བོ་ཐོན་ནས།ད་ལོའི་དམིགས་འབེན་འགན་འཁྲི་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས།
གོ་རིམ་རྗེས་མར་ཁུལ་བཟོ་ལས་ཆ་འཕྲིན་ཅུའུ་ཡིས་མུ་མཐུད་དུ་ཡོང་སྒོ་འཕར་རྒྱུ་གཙོར་བཟུང་སྟེ། ཁེ་ལས་དག་གི་དཀའ་གནད་སེལ་བ་སོགས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་སྟེ།ད་ལོའི་བྱ་བ་སོ་སོའི་དམིགས་འབེན་འགན་འཁྲི་ལེགས་འགྲུབ་བྱུང་པར་འབད་བརྩོན་བྱེད་པ། ད་ལོར་ཐོན་སྐྱེད་ཐུབ་པའི་ཧྭ་ཧའེ་ནུས་ཁུངས་གསར་པ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་གསར་པ། ཀྲུང་དབྱིན་ནུས་ཁུངས་གསར་པའི་བཟོ་ལས་འཛུགས་སྐྲུན་ཀྱི་ལས་གཞི་གསོ་སྐྱོང་བྱེད་པར་ཤུགས་བསྣན་ཏེ། རྩིས་ཁྲ་བཟོས་ནས་ཟླ་རེར་འཕེལ་རྒྱས་ཀྱི་གནས་ཚུལ་འགོད་པ།ཁྲལ་དོན་དང་བསྡོམས་རྩིས་སྡེ་ཁག་དང་ཆ་འཕྲིན་མཉམ་སྤྱོད་བྱེད་བྱས་ནས་ལས་གཞི་འཛུགས་སྐྲུན་དུས་ལྟར་སྙན་ཞུ་འབུལ་བར་བརྩོན་ལེན་བྱ་རྒྱུ་རེད། མིག་སྔའི་བར་དུ་མཚོ་ལྷོ་ཁུལ་དུ་ཚད་གཞི་ལྡན་པའི་བཟོ་ལས་ཁེ་ལས56ལ་ཡོད་པ་རེད།།