ཐུན་ཏེས་བོགས་གཏོང་གན་རྒྱའི་གྱོད་གཞི་ཞིག་འདུམ་འགྲིག་བྱས་པ།

《 海南报-藏文 》( 2024年07月31日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་ཆར།ཐུན་ཏེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁང་པ་བོགས་གཏོང་གན་རྒྱའི་གྱོད་གཞི་ཞིག་འདུམ་འགྲིག་བྱས་ཏེ་མང་ཚོགས་བར་གྱི་རྩོད་གཞི་སེལ་བ་རེད།

2023ལོའི་ཟླ7པའི་ཚེས26ཉིན།ཞུ་སྦྱོར་སྔ་མ་རྟ་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་དཀར་ཆེ་གེ་མོ་གཉིས་ཀྱིས་ཚོང་ཁང་ཞིག་དམངས་སྒོར་ཁྲི8བྱས་ཏེ་གཞན་ལ་བསྐོར་བའི་གན་རྒྱ་བཞག་པ་དང་།སྒོར་དེ་སྐོར་ཐེངས་གཉིས་བྱས་ནས་སྤྲོད་ཚར་རྒྱུའི་གྲོས་འཆམ་བྱུང་།2023ལོའི་ཟླ9བའི་ཚེས7ཉིན།ཞུ་སྦྱོར་ཕྱི་མས་འཕྲིན་ཕྲན་བརྒྱུད་ནས་སྒོར་ཁྲི1.5སྤྲད་རྗེས་འཕྲོ་མ་སྤྲད་རྒྱུ་མ་བྱུང་ལ།ཞུ་སྤྱོར་སྔ་མས་ཐེངས་གང་མང་ལ་སྒོར་མོའི་འཕྲོ་མ་སྟེར་དགོས་པའི་རེ་བ་བཏོན་ཀྱང་མ་འཕྲོད་པས་དཀར་ཆེ་གེ་མོ་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་རེད། གྱོན་དོན་དེའི་རྩོད་གཞི་གསལ་བོ་ཡིན་པ་དང་ཕྱོགས་གཉིས་ཀ་གྲོགས་པོ་ཡིན་པར་གཞིགས་ནས།འགན་སྒྲུབ་ཁྲིམས་དཔོན་གྱིས་གྱོད་དོན་འདུམ་འགྲིག་བྱ་རྒྱུའི་རེ་བ་བཏོན་ཏེ་ཁོ་གཉིས་ལ་བཅའ་ཁྲིམས་ཀྱི་ཤེས་བྱ་སྒྲོག་བཤད་དང་སློབ་གསོ་གང་མང་བཏང་མཐར་ཞུ་སྦྱོར་ཕྱི་མས་འདུམ་འགྲིག་གྲོས་མཐུན་བཞག་ནས་གྱོད་གཞི་དེ་ཐག་གཅོད་བྱས་པ་རེད།

རིམ་པ་རྗེས་མར་ཐུན་ཏེ་རྫོང་མི་དམངས་ཁྲིམས་ཁང་གིས་དུས་ནམ་ཡང་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་དང་།མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་ནས་མགོ་བཙུགས་ཏེ།བདེ་འཇགས་ཐུན་ཏེ་དང་ཁྲིམས་སྐྱོང་ཐུན་ཏེ་འཛུགས་སྐྲུན་བྱ་རྒྱུར་ནུས་པ་འདོན་རྒྱུ་རེད།