ལུང་བཟང་ཤང་གི་ཁྱད་ལྡན་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་པ།
《 海南报-藏文 》( 2024年07月31日 第 02 版 )
རང་ཚགས་པར་གྱི་འཕྲིན།ཉིན་ཤས་རིང་།ལུང་བཟང་རྩྭ་ཐང་དུ་ནོར་ལུག་གི་ཚོང་རྒྱག་པའི་འབྲོག་པ་མང་ཚོགས་ཕྱོགས་གཅིག་ཏུ་འདུས་ནས་རང་ཉིད་ཀྱི་བློར་འབབ་པའི་ནོར་ལུག་འདེབས་བཞིན་རིན་གོང་དང་ཚོང་རའི་གནས་ཚུལ་ལ་རྒྱུས་ལོན་དང་གསོ་སྤེལ་ཉམས་མྱོང་དང་འཕེལ་རྒྱས་འཆར་གཞིའི་ཕྱོགས་ནས་ལབ་གླེང་བྱེད་བཞིན་འདུག
ལོ་མགོ་ནས་བཟུང་ལུང་བཟང་ཤང་གིས་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ཐབས་ལམ་འཚོལ་བ་དང་ཐོན་ལས་རོགས་སྐྱོར་སྲིད་ཇུས་ལག་ལེན་དོན་འཁྱོལ་བྱེད་པ། ཁྱིམ་ཚང་གི་ཐོན་ལས་འཕེལ་རྒྱས་ལ་བརྟེན་དབུལ་སྒྲོལ་གྱི་སྤུས་ཚད་སྲ་བརྟན་གཏོང་བ།མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དེ་རོང་འབྲོག་མང་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སུ་ཁ་ཕྱོགས་པར་སྒུལ་ཤུགས་བསྣན།
ཤང་དེས་དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེར་བཏང་སྟེ་ནོར་ལུག་གསོ་སྤེལ་ཐོན་ལས་གསོ་སྐྱོང་ལ་རོགས་སྐྱོར་བྱས་ཏེ་མང་ཚོགས་དབུལ་བོར་བསྐྱར་མི་ལོག་པར་ཁག་ཐེག་དང་རོང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོར་པར་སྣེ་ཁྲིད་བྱས་པ་རེད།མིག་སྔར་ཤང་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང183ལ་འབྲི་གཡག174དང་བོད་ལུག1447ཉོས་ལ།ལས་གཞིའི་མ་དངུལ་སྒོར་ཁྲི230བརྩོན་ལེན་བྱས་ཡོད།
ཤང་ཏང་ཨུས་ཐོན་ལས་རོགས་སྐྱོར་སྲིད་ཇུས་དུས་ལྟར་ལག་བསྟར་བྱས་ཏེ་སྡེ་བ་རེའི་ཕྱུག་འགྱུར་གྱི་ལམ་ཁར་བསྐྱོད་ཡོད་དེ། ཚོང་ལམ་དང་འཚོང་འབྲེལ་སྟེགས་བུ།ཐོན་རྫས་རིགས་ཀྱི་ཕྱོགས་ནས་ཅུང་ཆ་ཚང་བའི་རྣམ་པ་ཆགས་ཡོད།གོམ་རིམ་རྗེས་མར་ང་ཚོས་མུ་མཐུད་དུ་རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་དེ་ཁེ་ཕན་ཡོད་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བརྟན་ཞིང་མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ལྡན་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་ཞིན་ཧེ་རྫོང་ལུང་བཟང་ཤང་ཏང་ཨུའི་ཧྲུའུ་ཚེ་རིང་ཐར་གྱིས་དེ་ལྟར་བཤད།།