ད་ལོར་མཚོ་སྔོན་པོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ མི་ཁྲི100ལྷག་སྣེ་ལེན་བྱས་པ།

《 海南报-藏文 》( 2024年07月17日 第 02 版 )

རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས9ཉིན་བར།མཚོ་སྔོན་པོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཁྲི100ལྷག་སྣེ་ལེན་བྱས་པ་དང་། ད་ལྟ་ནི་ཡུལ་སྐོར་བ་མང་བའི་དུས་ཡིན་ལ། མཚོ་སྔོན་པོ་ལྗོངས་ཁུལ་གྱིས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས།ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཡུལ་ལྗོངས་མངོན་པར་བྱས།

མིག་སྔར།རིག་སྨོན་ནས་རྣུར་ལྕེ་བར་གྱི་མཚོ་སྔོན་པོའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་ཤར་གཏོང་བྱས་ཡོད་པ་དང་།ལྗོངས་ཁུལ་གྱི་གསང་སྤྱོད་ཁང30ཇེ་མང་དུ་བཏང་ཞིང་།མཛེས་ལྗོངས་ཁུལ་གྱི་རིག་ནུས་མ་ལག་ཕྱོགས་ཡོངས་ནས་སྤྱོད་མགོ་བརྩམས་པ་དང་།ཚོང་ལས་ཀྱི་འཛད་སྤྱོད་རྣམ་པ་རིམ་སྤར་དང་ཚོང་རྟགས་གྲགས་ཅན་ནང་འདྲེན།ས་གནས་ཀྱི་ཁྱད་ལྡན་ཟས་མཆོག་ཚོང་ར་འཛུགས་པ་བཅས་བྱས་ཡོད་པར་མ་ཟད།དུས་ཐོག་ཏུ་དོ་དམ་དང་།གྲུ་གཟིངས་ཀྱི་བདེ་འཇགས་ཁྱོན་ཡོངས་ནས་ཇེ་ལེགས།ཡུལ་སྐོར་གྲུ་གཟིངས་གསར་སྒྱུར་རིམ་སྤར།སྒུལ་ཤུགས་གཡོར་གྲུ་དང་མགྱོགས་གྲུ་གསར་པ་ཉོ་སྒྲུབ་བྱས་ཤིང་།ཡུལ་སྐོར་ལམ་ཕྱོགས་བསྐྱར་འཛུགས་དང་ཡུལ་སྐོར་སྤུས་ཚད་ཇེ་ལེགས་སུ་བཏང་ནས་ཕྱེད་གླིང་ཡུལ་སྐོར་དང་མཚོ་སྙིང་ལྟ་སྐོར་གྱི་ཡུལ་སྐོར་ཉམས་སུ་མྱོང་བར་བྱས་ཏེ།སྐོར་བསྐྱོད་འཁྲབ་ཚན་ཆེ་གྲས་རྨི་ལམ་དུ་མཚོ་སྔོན་པོར་ལོག་ཅེས་པ་བཏོན་ཡོད།