གུང་ཧོས་དུས་རབས་གསར་པའི་ཏང་གི་སློབ་གསོའི་རྟེན་གཞི་བསྐྲུན་པ།

《 海南报-藏文 》( 2024年07月17日 第 02 版 )

རང་ཚགས་པར་གྱི་འཕྲིན།ཉེ་བའི་ལོ་འགའི་རིང་།གུང་ཧོ་རྫོང་ཏང་གི་སློབ་གྲྭས་ཤེས་ལྡན་མི་སྣ་ཅི་འདྲ་ཞིག་གསོ་སྐྱོང་བྱ་དགོས་པ་དང་།ཇི་ལྟར་གསོ་སྐྱོང་བྱེད་པའི་གནད་དོན་གཙོ་བོར་བཟུང་སྟེ།སློབ་ཁྲིད་ཀྱི་ནང་དོན་འཐུས་ཚང་དང་ཁྱད་ཆོས་ལྡན་པའི་གསབ་སྦྱོང་སྣ་མང་སྤེལ་ཏེ་དུས་རབས་གསར་པའི་ཏང་གི་སློབ་གསོའི་རྟེན་གཞི་འཛུགས་པར་ཤུགས་བརྒྱབ།

གུང་ཧོ་རྫོང་ཏང་གི་སློབ་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་དོན་འཁྱོལ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ།མགོ་ཁྲིད་གཙོ་བོའི་ཆབ་སྲིད་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བ།ན་གཞོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་ཆེ་རུ་གཏོང་བ།ལས་བྱེད་པའི་འགན་སྒྲུབ་ཀྱི་ནུས་པ་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་སྒྲིག་ལེ་ཚན5རུ་བགར་ནས་གསབ་སྦྱོང་གི་རྨང་གཞི་མཐོར་འདེགས་བཏང་ལ།ས་གནས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས།སློབ་ཁྲིད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ།རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་བརྒྱུད་པ།སློབ་ཁང་གི་སློབ་ཁྲིད་དང་ཕྱི་རོལ་གྱི་ལྟ་སྦྱོང་བཅས་ཀྱི་གསབ་སྦྱོང་བྱེད་སྟངས་སྤྱད་དེ་སློབ་ཁྲིད་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།