མཚོ་ལྷོ་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་གི་སྒོ་བྱང་མཚོ་སྔོན་སློབ་ཆེན་དུ་བཀལ་བ།
《 海南报-藏文 》( 2024年07月17日 第 02 版 )
རང་ཚགས་པར་གྱི་འཕྲིན། ཉེ་སྔོན།མཚོ་ལྷོ་ཁུལ་སྲིད་གཞུང་དང་མཚོ་སྔོན་སློབ་ཆེན་གཉིས་ཀྱིས་མཉམ་དུ་བཙུགས་པའི་མཚོ་སྔོན་སློབ་ཆེན་མཚོ་ལྷོ་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་སྒོ་བྱང་མཚོ་སྔོན་སློབ་ཆེན་དུ་འགེལ་བའི་མཛད་སྒོ་བསྡུས།མཚོ་སྔོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་ཧྲི་ཡོན་ཁྲོན་དང་ཁུལ་དཔོན་གཞོན་པ་ལིས་ཀའོ་ཞུང་གཉིས་མཛད་སྒོར་ཞུགས།
ལིས་ཀའོ་ཞུང་གིས་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་བཙུགས་པ་འདིས་སློབ་གྲྭ་དང་ས་གནས་མཉམ་འབྲེལ།མཚོ་ལྷོ་ཁུལ་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་།མཚོ་ལྷོ་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་མཛད་ཐེངས་རེ་རེའི་ཆེས་ཆེ་བ་གསུམ་དང་དེ་བས་གལ་ཆེ་བ་གསུམ།རྒྱུན་འཁྱོངས་གསུམ་བཅས་ཀྱི་ཚན་རིག་གི་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ་དང་སེམས་སུ་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བཅངས་ཏེ།སྐྱེ་ཁམས་སྲུང་སྐྱོང་དང་ཚད་མཐོའི་འཕེལ་རྒྱས་ཁྱབ་གདལ་དུ་གཏོང་པ་དང་ཟུར་ལྟ་བྱེད་ཆོག་པའི་མཚོ་ལྷོའི་མ་དཔེ་འདོན་སྤྲོད་བྱ་དགོས་པ་བསྟན།
ཧྲི་ཡོན་ཁྲོན་གྱིས་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཞིང་ཕྱུགས་ལས་ལྗང་མདོག་སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་བཅོས་སྐྱོང་།ནུས་རྒྱུ་གཙང་མའི་གསར་སྤེལ་ཕྱོགས་བསྡུས་བེད་སྤྱོད།གཞི་གྲངས་ཆེན་མོའི་སྐྱེ་ཁམས་དཔལ་འབྱོར་མཉམ་བསྲེས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལག་རྩལ་ཞིབ་འཇུག་དང་གྲུབ་འབྲས་ཁྱབ་གདལ།ཤེས་ལྡན་པ་གསོ་སྐྱོང་སོགས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བསྟན།
རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་མཉམ་བསྐྲུན་བྱེད་པ་འདི་ནི་མཚོ་སྔོན་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་དགེ་མཚན་དང་རིག་ནུས་ཐོན་ཁུངས་ལ་བརྟེན་ཏེ། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་སྐྲུན་དཔེ་སྟོན་ས་ཁུལ་གྱི་རྩེར་སོན་རིག་མཛོད་འཛུགས་པ་དང་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་སྐྲུན་དཔེ་སྟོན་ས་ཁུལ་ལ་རིག་ནུས་ཀྱིས་རྒྱབ་སྐྱོར་འདོན་དགོས་ཤིང་། རྗེས་མར་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་གླིང་གིས་གསར་སྐྲུན་དཔེ་སྟོན་ས་ཁུལ་གྱི་ཆུ་བོའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཚད་མཐོའི་འཕེལ་རྒྱས་ཀྱི་བརྗོད་བྱ་དམིགས་ཡུལ་ལ་འཛིན་པ།མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་ལ་གཞིགས་ཏེ།མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་སྐྲུན་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་དང་མཚོ་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།ཐོན་ལས་གནས་བཞི་འཛུགས་སྐྲུན་བཅས་ལ་རམ་འདེགས་བྱ་ངེས་ཡིན།།