རང་ཁུལ་གྱི་ཚོང་གཏམ་གྲོས་ཚོགས་སྟེང་སྒོར་དུང་ཕྱུར189.12བརྩོན་ལེན་བྱས་པ།
《 海南报-藏文 》( 2024年07月17日 第 02 版 )

རང་ཚགས་པར་གྱི་འཕྲིན།ཟླ7པའི་ཚེས12ཉིན། ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས25པ་མཚོ་ལྷོ་མ་འཇོག་ཁོར་ཡུག་གསལ་བཤད་དང་དཔལ་འབྱོར་མཉམ་ལས་ལས་གཞིའི་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་རེད།ཐེངས་འདིའི་བྱ་འགུལ་དེ་སྤྱི་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་རྒྱུ་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ནས།ཕྱོགས་ཡོངས་ནས་དུས་རབས་གསར་པའི་མཚོ་ལྷོ་གསར་པའི་སྣང་བརྙན་མངོན་ཡོད།
ཐེངས་འདིའི་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོར་མཚོ་ལྷོ་ཁུལ་སྲིད་གཞུང་གིས་ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་།ཞིང་ཆེན་གྱི་འབྲེལ་ཡོད་ཐིན་དང་ཅུའུ།ཞིང་ཆེན་ནང་ཁུལ་དུ་བཅའ་སྡོད་བྱས་ཡོད་པའི་ཚོང་ཚོགས།ཁེ་ལས་ཀྱི་འཐུས་མི།གསར་འགྱུར་སྨྱན་སྦྱོར་བཅས་མི300ལྷག་གདན་འདྲེན་བྱས་ཤིང་།ལས་གཞི25ལ་གན་རྒྱ་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར189.12བརྩོན་ལེན་བྱས། ལྗང་མདོག་རྩིས་རྒྱག་ནུས་པ་དང་། ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན། སྐྱེ་ཁམས་རིག་གནས་ཡུལ་སྐོར།ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན།ས་ཁང་བདག་ཁོངས་གསར་སྤེལ། གྱོན་ཆས་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད།གོང་གསལ་ལས་གཞིར་གན་རྒྱ་བཞག་པ་དེས་རང་ཁུལ་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱས་པ་དང་།རང་སྐྱོང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།།