- 放大
- 缩小
- 默认
ཅང་སུའུ་ཡིས་རང་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་པར་རོགས་འདེགས་བྱས་པ།
《 海南报-藏文 》( 2024年07月17日 第 02 版 )
རང་ཚགས་པར་གྱི་འཕྲིན། ཉེ་ཆར་མིན་ཡོན་རྫོང་དུ་སྤེལ་བའི་རབ་མཛེས་ཀྱི་མཚོ་སྔོན།མཐོ་སྒང་གི་ཟས་མཆོག་ཞེས་པའི2024ལོའི་ཚོང་རྟགས་དྲིལ་སྒྲོག་དང་ཚོང་འགུག་དངུལ་འདྲེན་གྱི་འོས་སྦྱོར་ཚོགས་འདུའི་སྟེང་།རང་ཁུལ་གྱིས་ཧྲང་ཧེ་དང་ཅང་སུའུ་ཡི་ཁེ་ལས་གསུམ་བར་ལ་གན་རྒྱ་བཞག་སྟེ་སྒོར་ཁྲི7000བརྩོན་ལེན་བྱས།
རང་ཁུལ་གྱིས་ཚོང་རྟགས་དྲིལ་སྒྲོག་དང་ཚོང་འགུག་དངུལ་འདྲེན་གྱི་བརྗོད་དོན་འོས་སྦྱོར།ཐོན་སྐྱེད་དང་ཐོན་འཚོང་འབྲེལ་མཐུད་ཀྱི་ཆེད་དོན་གྲོས་མོལ།ཡུལ་དངོས་མིང་རྟགས་འགོད་པ།ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་འོས་སྦྱོར་སོགས་ཀྱི་རྣམ་པ་ཡིས་དངུལ་གཏོང་བ་མང་པོའི་དོ་ཁུར་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ།རང་ཁུལ་གྱི་ཞིང་ཕྱུགས་ལས་དཔལ་འབྱོར་གྱི་འཕེལ་སྟངས་བསྒྱུར་བ་དང་གྲོང་གསེབ་ཐོན་ལས་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།
ལོ་ངོ་མང་པོའི་རིང་ལ།ཅང་སུའུ་ཞིང་ཆེན་གྱིས་ནང་ལོག་ཚོང་རར་འབྲེལ་བ་བྱས་ཏེ་རང་ཁུལ་གྱི་འཕང་འབྲས་དང་ནས། ལུག་ཤ། སྐམ་ཤ། ཆུ་འཁྱགས་ཉ་སོགས་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་དང་ཡུལ་དངོས་ཚོང་ལམ་ཕྱེ་ནས།རང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མཚན་སྙན་ཇེ་དྲག་དང་གྲོང་གསེབ་དར་སྤེལ་ཡོང་བར་ཅང་སུའུ་ཡི་སྟོབས་ཤུགས་ཕུལ་ཡོད།
གུང་ཧོ་རྫོང་ལ་མཚོན་ན་ཅང་སུའུ་ཞིང་ཆེན་ཁྲང་ཀྲིག་གྲོང་ཁྱེར་གྱིས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་ལག་རྩལ་གསར་སྤེལ་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ནས་རོང་འབྲོག་པའི་ཡོང་སྒོ་འཕར་བར་ཕན་ནུས་གལ་ཆེན་ཐོན་ལ།གྲོང་གསེབ་དར་སྤེལ་གྱི་ཐོན་ལས་གཙོ་བོའི་གྲས་སུ་ཚུད་ཡོད།
2024ལོའི་ཁྲང་ཀྲིག་དང་གུང་ཧོའི་འོས་སྦྱོར་བྱ་འགུལ་གྱི་ཁྲོད་དུ།གུང་ཧོ་རྫོང་གིས་ཁྲང་ཀྲིག་མི་དམངས་ལ་ས་གནས་ཀྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་དང་རྔམ་མཐུག་པའི་ལོ་རྒྱུས་མི་ཆོས་རིག་གནས་དྲིལ་སྒྲོག་བྱས་པ་མ་ཟད།ཁེ་ལས20ལྷག་གིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་བྱས།དེ་མིན་ད་དུང་མི་ཆོས་ཡུལ་ལྗོངས་པར་ཆས་འགྲེམ་སྟོན་དང་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྤེལ་བ་ལས་སྔར་ལས་ལྷག་པའི་སྒོ་ནས་གུང་ཧོ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས།
(འཕྲོ་མ་པར་ངོས3པར་གཟིགས།)
(པར་ངོས2པོར་མཐུད་པ།)འདི་ལྟ་བུའི་རོགས་སྐྱོར་གུང་ཧོ་རྫོང་ཁོ་ན་བྱས་པ་མ་ཡིན་པར།ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་གྱིས་ཁྲི་ཀ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་།ཐོན་ལས་དང་ལས་གཞི།རིག་ནུས་ཕྱོགས་ནས་རོགས་སྐྱོར་བྱ་བ་སྤེལ་ཏེ།ཁྱོན་བསྡོམས་ལས་གཞི56ལ་རོགས་སྐྱོར་བྱས།ཁྲི་ཀ་རྫོང་གིས་བསྟུད་མར་ལོ་མང་པོའི་རིང་ལ་ནན་ཐུང་གྲོང་ཁྱེར་ནས་རིག་གནས་ཡུལ་སྐོར་འོས་སྦྱོར་བྱ་འགུལ་སྤེལ་ཏེ།ཁྲི་ཀའི་ཐུན་མིན་གྱི་ཡུལ་ལྗོངས་དང་ཟས་མཆོག་གིས་ནན་ཐུང་གི་མི་མང་པོ་ཁྲི་ཀ་ཞེས་པའི་མཐོ་སྒང་གི་གནའ་མཁར་དུ་བསུས།
ཞིང་ཆེན་དང་པུའུ་ཨུ་ཡིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་མཉམ་འཛུགས་བྱེད་པ་དང་མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་སྤེལ་དཔེ་སྟོན་ཁུལ་བསྐྲུན་པ།ཁ་གཏད་རོགས་སྐྱོར་དང་། ཤར་ནུབ་རྒྱུད་ཀྱི་མཉམ་ལས་རོགས་སྐྱོར་སོགས་སྲིད་ཇུས་མང་པོའི་རྒྱབ་སྐྱོར་འོགམཚོ་སྔོན་གྱི་མིང་རྟགས་བཀོད་པའི་ཞིང་ཕྱུགས་ཐོན་རྫས་མང་པོ་མཐོ་སྒང་ནས་རྒྱལ་ཡོངས་སུ་བསྐྱོད་པ་དང་།མཚོ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་རྫས་གྲགས་ཅན་མཚོ་སྔོན་ནས་ཕྱིར་བསྐྱོད་དེ་ཅང་སུའུ་ཞིང་ཆེན་དང་།ཐ་ན་རྒྱལ་ཡོངས་ཀྱི་འཛད་སྤྱོད་པའི་ཟས་ཅོག་སྟེང་དུ་བཤམས་པར་སྐུལ་འདེད་བྱས་ནས།མུ་མཐུད་དུ་མཚོ་ལྷོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་མཚན་སྙན་གྲགས་ཇེ་རྒྱས་དང་ཚོང་རའི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་བཏང་ནས།དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གྱི་མཛེས་པའི་དཔེ་རིས་ཤིག་ཆགས་པར་སྐུལ་འདེད་བྱས།