དྲན་ཚོར་གྱི་མགུར་མ་།
སེམས་ལ་མེ་ཏོག་ཕོག་པས།།དྲན་པ་རེ་བས་བསྐུར་སོང་།།ན་ནིང་བཅོས་པའི་བརྩེ་འཛུམ།།རྨི་ལམ་ནང་ནས་མཇལ་བྱུང་།།ཡང་ཡང་ཞེ་ལ་འཁོར་བ།།འདས་སོང་ལོ་ཟླ་ཡིན་འདུག།ཁྱེད་ཀྱི་སྤྱན་ཞལ་འོག་ཏུ།།ལོ་ཟླའི་རི་མོ་རྒས་སོང་།།ཟླ་བ་ཕར་འགྲོ་ཚུར་ཡོང་།།བྱེའུ་ཆུང་སྐད་ངག་འཇམ་པ།།ནམ་འཕང་གཏོད་པའི་རྒོད་པོ།།ཡང་ཡང་ཞེ་ལ་འཁོར་བྱུང་།།ཕ་གི་རི་བོའི་ངོགས་སུ།།སྙིང་གཏམ་བྲག་ལ་བྲིས་ཡོད།།ཞེ་སེམས་མཐུན་པའི་མི་དེ།།སེམས་འདྲིས་དྲན་པ་འཕྱི་སོང་།།རྡུལ་འཚུབ་འདྲེས་མ་གཡུག་བྱུང་།།ནམ་མཁའི་སྤྲིན་དང་འདྲེས་སོང་།།སྟོན་རླུང་ལོ་འདབ་སེར་པོ།།ཕྱི་མིག་གང་ལ་འཕང་ཡོད།།