རང་ཁུལ་གྱི་ས་གནས་ནོར་སྲིད་ཡོང་འབབ་ སྒོར་དུང་ཕྱུར20ལས་བརྒལ་བ།


རང་ཚགས་པར་གྱི་འཕྲིན།2023ལོར་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་ནོར་སྲིད་སེྡ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤིྱ་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་ྱབེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ།འཕེལ་ྒརྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་འཕེལ་རྒྱས་ྱཀི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས།ཁུལ་ཨུའི12345ཡི་འབད་འཐབ་དམིགས་འབེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་བསྟན།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ལོ་མགོའི་ཡོང་འབབ་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས་འགན་ནུས་འདོན་སྤེལ་གང་ལེགས་དང་སྔོན་རྩིས་ཡོང་འབབ་དོ་དམ་ལ་དམ་འཛིན་ནན་མོ་བྱས་ནས།ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར22.1ལེགས་འགྲུབ་བྱུང་ནས19.7%འཕར་ཏེ།ཐོག་དང་པོར་སྒོར་དུང་ཕྱུར20ལས་བརྒལ་ཡོད།དེ་ནི་ལོ་རྒྱུས་རང་བཞིན་གྱི་མཆོང་བསྱྐོད་ཐེངས་གཅིག་ཡིན་པས་རང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱང་བསྐོྱད་ཀྱི་ལམ་བུ་གསར་པར་བསླེབས་པ་མཚོན་ཡོད།།