- 放大
- 缩小
- 默认
ཁུལ་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ།
《 海南报-藏文 》( 2024年01月10日 第 01 版 )
རང་ཚགས་པར་གྱི་འཕྲིན། ཟླ1པའི་ཚེས5ཉིན།ཁུལ་ཨུས་རྱྒུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྱྦོང་བྱས་ཤིང་།འབྲེལ་ཡོད་སྙན་ཞུར་ཉན་ནས་བྱ་བར་བཀོད་སྒྲིག་བྱས་པ་རེད།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་ལོ་གསར་གྱི་ཤིས་ཚིག་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་ཇ་སྟོན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་འདས་ཟིན་པའི་ལོ་གཅིག་གི་རིང་ལ་ཐོག་མའི་བསམ་འདུན་མི་བརྗེད་པར་འབད་འཐབ་ལོྷད་མེད་བྱས་པའི་སྐོར་གླེང་ཞིང་།རླབས་ཆེན་མེས་རྒྱལ་འཕེལ་རྒྱས་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐོྱད་པར་ཕྱིར་མིག་བལྟས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བའི་འབོད་སྐུལ་བཏང་བ་དེས་ང་ཚོར་ཡང་སྐུལ་ལྕག་ཆེན་པོ་ཐེབས་ཡོད་ཞེས་གསུངས་པ་རེད། ཀྲུང་དབྱང་གི་ཕྱི་འབྲེལ་བྱ་བའི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་བསམ་བློ་གཏིང་ཟབ་པས་ང་ཚོས་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་ཁུལ་ཡོངས་ཀྱི་ཕྱི་འབྲེལ་བྱ་བ་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས་ཡོད།ལོ་གསར་གྱི་ཤིས་ཚིག་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྱྤི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སོྟན་མཆན་འགོད་གལ་ཆེན་གྱི་དགོངས་དོན་སློབ་ྦསྱོང་ལག་བསྟར་བྱ་རྒུྱ་དང་ཟུང་འབྲེལ་བྱས་ཏེ།གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་འདུ་ཤེས་བཞི་ཇེ་ཟབ་ཏུ་གཏོང་བ་དང་།ཡིད་རྟོན་བཞི་ཇེ་བརྟན་དུ་བཏང་ནས་སྲུང་སྐྱོང་གཉིས་ཐུབ་པར་བྱ་དགོས། འཕེལ་རྒྱས་ཀྱི་ཡིད་ཆེས་དང་གདེང་ཚོད་མཐོ་རུ་བཏང་ནས།2024ལོའི་བྱ་བ་སོ་སོ་ཇུས་འགོད་ནན་ཏན་དང་དམ་འཛིན་ཡག་པོ་བྱེད་པ།བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ།མདུན་སྱྐོད་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བྱེད་པ་དང་།བྱ་བ་སྔོན་ལ་མགོ་རྩོམ་པ་དང་རྗེས་སུ་ཇེ་ལེགས་སུ་གཏོང་བའི་བླང་བྱ་དེ་ལོ་ཧིྲལ་བོའི་བྱ་བ་སོ་སོ་ནང་ཁྱབ་པར་བྱས་ནས་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐུྲན་བྱེད་པར་སྐུལ་འདེད་བཏང་སྟེ།སྔར་ལས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་ལེགས་སྐྱེས་འབུལ་དགོས།ཞི་ཅིན་ཕིང་གི་ཕྱི་འབྲེལ་བྱ་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་།ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་བྱ་བའི་ཐབས་ཇུས་དང་བཀོད་སྲྒིག་ལག་བསྟར་དོན་འཁྱོལ་བྱས་ཏེ།མཚོ་བོད་ས་ཁུལ་གྱི་ཕན་སུམ་ཚོགས་པའི་ས་བབས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ།སྔར་ལས་ཧུར་བརྩོན་དང་རང་འགུལ་གྱི་ལོ་རྒྱུས་ཀྱི་འགན་འཁུར།སྔར་ལས་གསོན་ཤུགས་ལྡན་པའི་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ྒརྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་བར་བསམ་བློ་བརྗེ་རེས་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ།དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་ྱབེད་པར་རོགས་རམ་བྱ་དགོས།སྤྱི་ཚོགས་ཀྱི་རོགས་ྐསྱོབ་སྲིད་ཇུས་ཁག་དོན་འཁྱོལ་དང་།དུས་ཆེན་གཉིས་ཀྱི་འཚམས་འདྲི་དང་ཟུང་འབྲེལ་བྱས་ཏེ།གནས་སྐབས་ཀྱི་རོགས་སྐོྱབ་བྱེད་ཤུགས་ཆེ་རུ་གཏོང་བ།གཞི་རིམ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཁྲོད་ཟབ་ཞུགས་བཅས་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ།ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་ྐསྱིད་དེ་དཀའ་ངལ་མང་ཚོགས་ཀྱི་ཁྲོད་བསྐྱལ་དགོས་པར་བསྟན།
གྲོས་ཚོགས་ལས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པས།ཁེ་ཕན་མཚོན་བྱེད་ཀྱི་རྱྒ ་ཁྱབ་རང་བཞིན་དང་། འབད་འཐབ་དམིགས་འབེན་གྱི་གཅིག་མཐུན་རང་བཞིན།ཐབས་ཇུས་འགོད་པར་སྐུལ་འདེད་གཏོང་བའི་ཚན་རིག་རང་བཞིན།རྒྱལ་ཁབ་བཅོས་སྐོྱང་གི་ནུས་ལྡན་རང་བཞིན།ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན།རླབས་ཆེན་གྱི་གསར་སྲྐུན་རང་བཞིན། ཁྱད་དུ་འཕགས་པའི་རང་བཞིན་བཅས་ལྡན་པ་རེད།སྤིྱ་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀུྲང་གོའི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་ཡག་པོ་དང་།འཕེལ་རྒྱས་ཡག་པོ་གཏོང་བ།འཐུས་ཚང་དུ་གཏོང་བ་བཅས་ཀྱི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་ླསོབ་སྱོང་དང་གོ་བ་གཏིང་ཟབ་བླངས་ནས།དུས་རབས་གསར་བའི་ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཀྱི་འཕེལ་རྒྱས་དང་གསར་གཏོད།དམིགས་འབེན་དང་ལས་འགན།ཏང་ཀྲུང་དབྱང་གི་བཀོད་ྒསྲིག་བླང་བྱ་ལྟར།ཧུར་བརྩོན་དང་རང་འགུལ་གྱིས་དམངས་གཙོའི་ཏང་ཁག་དང་ཏང་ཕྱིའི་ཤེས་ཡོན་ཅན་གྱི་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་།ཕྱོགས་སོ་སོའི་སོབས་ཤུགས་སྐུལ་སློང་བྱས་ཏེ།ཐུན་མོང་ཐོག་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པར་བསྟན།
གྲོས་ཚོགས་ལས་ཁུལ་ཡོངས་ཀྱི་བོད་བརྱྒུད་ནང་བསྟན་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་པའི་བྱ་བའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་།དུས་རབས་གསར་པའི་ཏང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རིགས་པའི་གཞུང་ལུགས་དང་།ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ།ཕན་པ་ལྔའི་ཚད་གཞིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་བྱ་བའི་མགོ་བརྩམ་ས།གནད་ལ་འཁེལ་བའི་སྒོ་ནས་རིག་པ་གསལ་བོ་དང་ཆོད་སེམས་སྔར་ལས་བརྟན་པོ།དེ་བས་དངོས་སྒུྲབ་བཅས་ཀྱི་བྱེད་ཐབས་སྤྱད་དེ་བྱ་བ་སོ་སོ་ཏན་ཏིག་ངང་ལེགས་པར་བསྒུྲབས་ནས་བོད་བརྒྱུད་ནང་བསྟན་སྱྤི་ཚོགས་རིང་ལུགས་དང་འཆམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་དགོས་པར་བསྟན།
གྲོས་ཚོགས་ལས་ད་དུང་ཁུལ་ཡོངས་ཀྱི་དགུན་དཔྱིད་བརྟན་ལྷིང་སུྲང་སྐོྱང་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་།ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བྱ་བ་བསྒྲུབས་པ་དང་བསམ་ཕྱོགས་གསལ་པོ།རང་གཅུན་ནན་མོ་བཅས་ཀྱི་བླང་བྱ་ལྟར། ྒརྱུན་ཨུ་ཚན་སོྐར་ཁོངས་མིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དང་།ཏང་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྣེ་ཁྲིད།སྤྱི་ཡོངས་དམ་འཛིན་གྱི་ནུས་པ།འགན་ནུས་སྡེ་ཁག་སོ་སོའི་ལས་རིགས་གཙོ་སྐྱོང་གི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ནས།དུས་བདེའི་མཚོ་ལྷོ་འཛུགས་སྐྲུན་གྱི་བྱ་བ་སོ་སོ་དམ་འཛིན་ནན་མོ་བྱས་ཏེ།མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང།བདེ་སྣང་ལྡན་པར་འབད་བརྩོན་བྱ་དགོས་པར་བསྟན།