- 放大
- 缩小
- 默认
ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་བསྐྱེད་ཚོགས་འདུ་བསྡུས་པ།
《 海南报-藏文 》( 2026年03月04日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ2པའི་ཚེས27ཉིན། ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་རྒྱ་བསྐྱེད་ཚོགས་འདུ་བསྡུས་ཤིང་།བརྙན་ལམ་བརྒྱུད་དེ་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་བྱང་གསུམ་ཅུའུ་འཆར་འགོད་ནོར་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཡོའུ་སུའུ་ཅུན་གདན་ཞུ་བྱས་ཏེ།འགན་འཁྲིའི་མངག་བཅོལ་བློ་ལ་བརྟན་པོར་ངེས་པ་དང་ལས་གཞིའི་དོ་དམ་ལ་ཤུགས་བསྣན་ནས་བྱང་གསུམ་བཟོ་སྐྲུན་གྱི་འགག་སྒྲོལ་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་བ་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ་བ་མ་ཟད།ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས།སྟོབས་ཤུགས་གཅིག་སྒྲིལ་སྒོས་བྱང་གསུམ་བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བར་རྒྱལ་ཁ་བླངས་ཏེ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བརྗོད་དོན་དུ་བཟུང་ནས་ཆེད་དོན་བགྲོ་གླེང་བྱས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སློབ་སྦྱོང་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནང་།ཀའོ་ཡུང་ཧུང་དང་། དགེ་འདུན་རྒྱལ། དཔལ་ལྡན།ཁྲེ་ཞང་ཞན། ཞུའུ་ཅན་ཅུན། ཀྲུའུ་ལིན་བཅས་བློ་མཐུན་གྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་སྤེལ།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་དུས་ནམ་ཡང་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོར་བཅངས་ནས།ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་དེ་བས་གལ་འགངས་ཆེ་བ་གསུམ་གྱི་འཐབ་ཇུས་གནས་བབ་ལ་གཞི་བཙུགས་ཏེ།ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས།སློབ་སྦྱོང་དང་བསམ་གཞིགས་ཁོང་དུ་ཆུད་པ།ཤེས་རྟོགས་དང་ཡིད་རྟོན་གཅིག་གྱུར་ཡོང་བར་བྱ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་ལས་དོན་དང་རྒྱལ་ཁོངས་ལྗང་བསྒྱུར་སྐོར་གྱི་རྣམ་བཤད་གལ་ཆེན་དང་།མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་བླང་བྱ་གལ་ཆེན་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།སྐྱེ་ཁམས་སྲུང་སྐྱོང་དེ་སྲུང་སྐྱོང་གཉིས་ལག་ལེན་དུ་བསྟར་བའི་ཆབ་སྲིད་ཀྱི་མཐོ་ཚད་སྟེང་བཞག་ནས་ལྟ་ཞིབ་དང་སྐུལ་འདེད་གཏོང་བ་དང་།དེའི་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ།ཕུན་སུམ་ཚོགས་པའི་ནང་དོན།ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་ཟབ་མོ་བླངས་ནས།ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་།རང་འགན་གཙང་ལེན་དང་ཆབ་སྲིད་ཀྱི་བྱང་ཚད།ལས་སྒོའི་ནུས་པ་བཅས་ལེགས་པར་བཏང་སྟེ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་འདོམས་ཁག་ཁུལ་ཡོངས་སུ་ལག་ལེན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས་ཞེས་བླང་བྱ་བཏོན།
ཚོགས་འདུ་ལས་རི་ཆུ་ནགས་གསུམ་དང་ཞིང་ས།མཚེའུ།རྩྭ་ཐང་།བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་བྱེད་པ་དང་མ་ལག་གི་བཅོས་སྐྱོང་བྱེད་པར་གཅིག་གྱུར་སྐུལ་འདེད་བྱས་ཏེ།བྱང་གསུམ་བཟོ་སྐྲུན་སྐབས་དྲུག་པའི་འགག་སྒྲོལ་གཙོ་གནད་ལ་དམ་པོར་དམིགས་ནས།ཚན་རིག་དང་མཐུན་པའི་བཅོས་སྐྱོང་དང་གནད་འཁེལ་ཇུས་འདོན་རྒྱུན་འཁྱོངས་བྱེད་པ་དང་།ཡུལ་བབ་དང་བསྟུན་ནས་ནགས་བསྐྲུན་ལྗང་བསྒྱུར་དང་རྩྭ་ས་སླར་གསོ།འོད་ནུས་བྱེ་བཅོས།ས་ཆུ་སྲུང་འཛིན་སོགས་གཙོ་གནད་བྱ་བར་སྐུལ་འདེད་བྱས་ཏེ།མུ་མཐུད་དུ་སྐྱེ་ཁམས་མ་ལག་སྣ་མང་ཅན་དང་གཏན་འཇགས་ཅན།རྒྱུན་མཐུད་ཅན་བཅས་སུ་མཐོར་འདེགས་གཏོང་དགོས།སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཚིས་ལེགས་བཅོས་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། མང་ཚོགས་རྒྱལ་ཁོངས་ལྗང་བསྒྱུར་ལས་དོན་ནང་དུ་ཞུགས་པར་ཁྲིད་སྟོན་བྱས་ཏེ།རིགས་སོ་སོའི་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས།བྱང་གསུམ་བཟོ་སྐྲུན་ལག་བསྟར་གྱི་ལག་རྩལ་ཚད་གཞི་དང་དོ་དམ་གྱི་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ།ལས་གཞིའི་མགོ་རྩོམ་དང་མ་དངུལ་དོ་དམ།བཟོ་སྐྲུན་གྱི་འཆར་འགོད།ཞིབ་བཤེར་རྩིས་ལེན།གྲུབ་འབྲས་སྲ་བརྟན་སོགས་ཀྱི་གནད་འགག་གི་གོ་རིམ་ལ་གཞིགས་ནས།ལས་གཞིའི་དོ་དམ་ལ་ཤུགས་སྣོན་སྒོས།བཟོ་སྐྲུན་གྱི་སྤུས་ཚད་དང་གྲུབ་འབྲས་ལ་ཁག་ཐེག་བྱ་དགོས།ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བཙུགས་ཏེ།དངོས་ཐོག་བདེན་འཚོལ་དང་དངོས་སྒྲུབ་གཙིགས་འཛིན་གྱི་བྱ་བའི་སྤྱོད་ཚུལ་དར་སྤེལ་བྱེད་པ་དང་།འཕེལ་རྒྱས་གསར་པའི་འདུ་ཤེས་ཕྱོགས་ཡོངས་ནས་ཡང་དག་ཅིང་ཆ་ཚང་བར་ལག་ལེན་བསྟར་ཏེ།སྐྱེ་ཁམས་སྲུང་སྐྱོང་དང་སྤུས་མཐོའི་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་དང་འགན་སྲུང་།མི་རིགས་མཐུན་སྒྲིལ་ཡར་ཐོན།ཏང་གི་འཛུགས་སྐྲུན་སོགས་ཀྱི་བྱ་བ་སོ་སོར་སྐུལ་འདེད་བྱས་ཏེ།རྨང་གཞི་བརྟན་ལ་ཡུན་རིང་ལ་ཕན་པ།དམངས་ཚིས་གྲུབ་འབྲས་ཐོབ་པའི་དངོས་དོན་མང་པོ་བསྒྲུབས་ནས།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅས་རྩ་བ་ནས་གཏན་འགོག་བྱ་དགོས་པ་མ་ཟད།འཕྲལ་ཕན་འཕྲལ་སྒྲུབ་དང་སྒྲོབ་ཉམས་སྟོན་པ།ཕྱི་ཚུལ་གྱི་རྣམ་པ་མངོན་པ་བཅས་ཀྱི་ནོར་འཁྲུལ་བསམ་བློ་རྩ་བ་ནས་དོར་ཏེ།བྱ་བ་སོ་སོ་དམ་འཛིན་བྱས་ནས་གྲུབ་འབྲས་ཐོབ་པར་འབད་པ་བྱས་ནས།ལག་ལེན་གྱི་ཉམས་སད་ཐེག་ཐུབ་པ་དང་།མི་དམངས་ཀྱི་གཞལ་བྱ་ཐེག་ཐུབ་པ།ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་ཤིག་གསར་སྐྲུན་བྱས་ཏེ།ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ཡག་པོ་ཞིག་རྩོམ་པར་སྐུལ་འདེད་བྱས་ནས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་འགན་ལེན་ལེགས་པོ་བྱ་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་།ཁུལ་སྲིད་གཞུང་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ།ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ།ཁུལ་ཨུའི་པུའུ་ཨུ་སོ་སོ།ཁུལ་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།།