- 放大
- 缩小
- 默认
ཁུལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་བསྡུས་པ།
《 海南报-藏文 》( 2026年03月04日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ2པའི་ཚེས28ཉིན།མཚོ་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་བསྡུས་པ་དང་ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་བྱས་པ་དང་།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ།དེ་མིན་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པར་མ་ཟད། 2025ལོའི་བྱ་བར་སྤྱི་བསྡོམས་དང2026ལོའི་ལས་འགན་བཀོད་སྒྲིག་བྱས་ཤིང་།ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ལིའུ་ཡན་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།ཚོགས་འདུ་ལས2026ལོ་ནི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་མགོ་རྩོམ་པའི་ལོ་དང་ཁུལ་དང་རྫོང་།ཤང་བཅས་ཀྱི་སྐབས་བརྗེའི་ལོ་ཡང་ཡིན་ལ།ཏང་གི་གསར་སྐྲུན་གཞུང་ལུགས་ཁོང་དུ་ཆུད་པར་བྱས་ཏེ།བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ལྷག་བསམ་གྱི་གཤིས་རྒྱུད་ལ་སྦྱོང་བརྡར་ཐོབ་པར་བྱེད་པ།སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་ཏང་ཡོན་ལས་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤྱི་པའི་ཆེད་དུ་ཏང་འཛུགས་པ་དང་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ།ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།ཏང་ཡོན་ལས་བྱེད་པས་རང་རྟོགས་སྒོས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་འཇོག་དགོས། ལས་བྱེད་པ་བསྐོ་འཇོག་གི་ཁ་ཕྱོགས་གསལ་བོ་ཆགས་པར་བྱས་ཏེ། སྐབས་བརྗེ་ནི་གོ་སྐབས་སུ་བཟུང་སྟེ་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་ལེགས་པོར་གདམ་རྒྱུ་དང་མགོ་ཁྲིད་ཚན་ཁག་གི་གྲུབ་སྟངས་ལེགས་བཅོས་བྱས་ནས།སྤྱིའི་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས་ཤིང་། དོ་དམ་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དང་གཟབ་ནན་དུ་གཏོང་བ།དྲང་ཕྱོགས་ལ་སྐུལ་སློང་།ནོར་འཁྲུལ་བཟོད་སྒོམ་དང་ནོར་འཁྲུལ་ཡོ་བསྲང་ཇེ་དྲག་ཏུ་བཏང་ནས། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སྣང་འཕེལ་བར་བྱ་དགོས། གཞི་རིམ་གྱི་ཁ་ཕྱོགས་གཙོ་བོར་དམ་འཛིན་བྱེད་པ་དང་ཏང་འཛུགས་སྐྱོང་གི་བསྒྱུར་བ་བཅུའི་བྱ་བ་ལེགས་པོར་སྤེལ་ནས། གཞི་རིམ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་བསྟུད་མར་མཐོ་རུ་གཏོང་དགོས། ཤེས་ལྡན་པའི་སྲིད་ཇུས་བྱེད་ཐབས་སྤྱོད་མཁས་པར་བྱེད་པ་དང་ཕྱི་ཕྱོགས་ཀྱི་མཉམ་ལས་དང་བརྗེ་རེས་ཇེ་དྲག་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་ཕུལ་བྱུང་ཤེས་ལྡན་པ་ནང་འགུག་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་འདོན་དགོས་ཞེས་བསྟན།ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་རྩ་འཛུགས་སྡེ་ཁག་དང་རྒྱ་ཆེའི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཆབ་སྲིད་ཀྱི་ཐད་ནས་བློ་གཏད་ཆོག་པ་དང་ཏང་ལ་མཐའ་གཅིག་ཏུ་བློ་དཀར་དགོས་ཞེས་པའི་མངགས་བཅོལ་ཟབ་མོ་བློ་ལ་དམ་པོར་ངེས་ནས་ཆབ་སྲིད་བརྟན་པོ་དང་།གཞུང་དྲང་ཚུལ་མཐུན།ལས་སྒོར་བྱང་ཆ་ལྡན་པ། སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་བྱེད་པར་བརྩོན་ལེན་བྱས་ཏེ།ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་བས་ནན་མོ་ལ་བརྟེན་ནས་དཔེ་ལེགས་སྡེ་ཁག་དང་ཕུལ་བྱུང་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།མུ་མཐུད་དུ་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བླང་བྱ་བཏོན།
ཚོགས་འདུ་ལས་གུང་ཧོ་རྫོང་དང་ཐུན་ཏེ་རྫོང་། ཁུལ་ཨུའི་སྤྱི་ཚོགས་ལས་དོན་པུའུ། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཏམ་བཤད་སྤེལ་ཞིང་།ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་དོན་ཚོགས་འདུའི་ཁོངས་མི་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཚན་ཁག་གི་ཚན་གཙོ།རྫོང་ཨུ་སོ་སོའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་།ཁུལ་ཨུའི་པུའུ་ཨུ་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ།ཁུལ་དུ་སྡོད་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན།ཁུལ་ཨུས་མངགས་པའི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན།དེ་མིན་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཡོངས་བཅས་ཚོགས་འདུར་ཞུགས།།