- 放大
- 缩小
- 默认
ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།
《 海南报-藏文 》( 2025年10月22日 第 03 版 )
རང་ཚགས་པར་གྱི་འཕྲིན།ཟླ10པའི་ཚེས16ཉིན།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་མགོ་འཛིན་བྱས་ཏེ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན།ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་མཚོ་ལྷོ་རུ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་མ་ཟད།ལག་ལེན་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་།འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་ནས་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར76ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་དང་།འཛམ་གླིང་ཡོངས་ཀྱི་བུད་མེད་རྩེ་ཚོགས་ཀྱི་མཛད་སྒོའི་སྟེང་གི་གཏམ་བཤད་གཙོ་བོ།ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཉིས་པའི་དུས་སྐབས་ཀྱི་གསུང་བཤད་གལ་ཆེན།ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་གི་བྱ་བའི་མཛུབ་སྟོན་གལ་ཆེན་དང་ཟླ9ཚེས29ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ། བསམ་གཞིགས་ནན་མོ་བཏང་ནས།དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་དང་།ནམ་ཡང་ལྷོད་གཡེང་མི་གཏོང་བའི་འབད་འཐབ་ཀྱི་སྙིང་སྟོབས་སྐུལ་སློང་བྱེད་དགོས་པ་དང་།སྤྱོད་ཚུལ་བཟང་པོའི་སྙིང་སྟོབས་ཆེར་བསྐྱེད་དང་།འཐབ་སེམས་སྐུལ་སྤེལ།སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་དགོས།ཀྲུང་གོ་གུང་ཁྲན་ཏང་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་གི་བྱ་བའི་སྲོལ་ཡིག་ལག་བསྟར་བྱས་ཏེ།ཆབ་སྲིད་འབུར་དུ་བཏོད་དེ་སློབ་གྲྭ་འཛུགས་པ་དང་།སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་འཛུགས་པ།གཟབ་ནན་གྱིས་སློབ་གྲྭ་སྐྱོང་བ་བཅས་བྱས་ཏེ།ཏང་གི་སློབ་གྲྭའི་སློབ་སྒྲུབ་སློབ་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ཞབས་ཞུའི་སྤུས་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས།འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་མང་ཞིང་སྔར་ལས་དྲང་གཞག་ངང་རྒྱ་ཆེའི་བུད་མེད་དང་བྱིས་པར་ཕན་ཁེ་ཐོབ་ཏུ་འཇུག་དགོས་པ་བསྟན།
ཚོགས་འདུ་ལས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོ་མཚོ་ལྷོ་རུ་རྟོག་ཞིབ་བྱེད་དུ་ཡོང་བ་ལས་ཞིང་ཆེན་ཏང་ཨུའི་མཚོ་ལྷོར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར། རྒྱབ་སྐྱོར་གནང་བ་མཚོན་ཐུབ་ལ།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོས་མཚོ་ལྷོའི་བྱ་བར་རྟོག་ཞིབ་གནང་སྐབས་བཏོན་པའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས།རྣམ་འགྱུར་ལེགས་པོ་དང་བྱེད་ཐབས་བཟང་བོ།སྤྱོད་ཚུལ་ལེགས་པོས་བྱ་བ་སོ་སོ་དམ་འཛིན་བྱ་དགོས།གཙོ་གནད་ཁྱབ་ཁོངས་ལ་གཞིགས་ནས། ཉིན་བརྒྱའི་རིང་ལ་འབད་འཐབ་བྱེད་པའི་ཆོད་སེམས་ཀྱིས་ཆད་ལྷག་དང་ཞན་ཆ་ཁ་གསབ་བྱས་ཏེ།ཕྱོགས་ཡོངས་ནས་ལོ་རེའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱ་དགོས་པ་བསྟན།
ཚན་རིག་གིས་ལོ་ལྔའི་འཆར་གཞི་བཅོ་ལྔ་བའི་འཆར་འགོད་སྒྲིག་བཟོ་བྱེད་དགོས་པ་མ་ཟད།ལྗང་གློག་འབྲེལ་མཐུད་དང་ལྗང་རྩིས་མཉམ་ལས།སྐྱེ་ཁམས་གནས་ཐང་འཕར་བ།ཁྱད་ལྡན་ཞིང་ཕྱུགས་སོགས་ཀྱི་ལས་གཞི་གལ་ཆེན་འཆར་འགོད་གང་ལེགས་བྱ་དགོས།བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་།ཤུགས་ཆེན་པོས་གད་སྙིགས་བསྲེགས་སའི་བཟོ་གྲྭའི་འཛུགས་སྐྲུན་དམ་འཛིན་བྱ་དགོས།ཕྱོགས་ཡོངས་ནས་ས་ཁོངས་ཀྱི་རྨ་ཆུའི་བཞུར་རྒྱུད་དང་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་བརྟན་པོར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་ངང་འབྲེལ་མཐུད་བྱས་ཏེ།ཡུལ་བབ་དང་མཐུན་པའི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་པ་དང་། མུ་མཐུད་དུ་ཐོན་ལས་ཀྱི་སྦྲེལ་ཐག་བསྲིངས་ཏེ།མཉམ་ལས་ཁང་དང་ཞིང་ཁྱིམ།མངགས་ཐོ་བཅས་ལ་བརྟེན་ནས་ཞིང་ལས་སྐུལ་ཁྲིད་བྱེད་པའི་ལམ་ལུགས་ཁྱབ་གདལ་དུ་གཏོང་དགོས།ཁྲིམས་ལྟར་ཆོས་ལུགས་དགོན་པའི་དོ་དམ་དམ་འཛིན་བྱས་ཏེ།མུ་མཐུད་དུ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་གྱི་སྣང་ཚུལ་བཟང་བོ་ཞིག་བསྐྲུན་དགོས།ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ།སྡེ་བ་རིམ་པའི་སྐབས་བརྗེ་འདེམས་བསྐོ་བྱ་བ་ལེགས་པོར་བསྒྲུབ་དགོས།སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་སྟོབས་ལྡན་སྡེ་བའི་བཟོ་སྐྲུན་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ།མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ལམ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས།ཉེན་ཁའི་བྱུར་རྐྱེན་སྔོན་འགོག་དང་འདུམ་འགྲིག་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ཀྱིས་རིགས་སྣ་ཚོགས་ཀྱི་ཉེན་ཁ་དང་བྱུར་རྐྱེན་ལ་ཞིབ་བཤེར་དང་བཅོས་སྐྱོང་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་ནས།དོན་ཆུང་ཆེ་རུ་མི་གཏོང་བ་དང་དོན་ཆེན་འགོར་འགྱངས་མི་བྱེད་པར་བྱ་དགོས་པ་བསྟན།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་དུས་ཚིགས་གསུམ་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ཉན་ནས་རྗེས་ཕྱོགས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས།ནུས་ཤུགས་ཡོད་རྒུས་ཐོན་ལས་དང་པོའི་གཞི་རྩ་དམ་འཛིན་དང་ཐོན་ལས་གཉིས་པའི་སྤུས་ཚད་མཐོ་རུ་གཏོང་བ།ཐོན་ལས་གསུམ་པའི་འཕར་གྲངས་ཀྱི་སྒུལ་ནུས་སྐུལ་སློང་བྱས་ཏེ།ཚོང་འགུག་དངུལ་འདྲེན་བྱ་བ་དམ་པོར་འཛིན་དགོས་པ་དང་ནོར་སྲིད་ཀྱི་ཁྲལ་བསྡུ་དོ་དམ་ལ་ཤུགས་བསྣན་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་ནས་མདུན་དུ་བསྐྱོད་པ་དང་བརྟན་པོའི་ངང་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བྱ་དགོས་པ་བསྟན།
ཚོགས་འདུ་ལས་ཁུལ་ཡོངས་ཀྱི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཉན་ནས།མུ་མཐུད་དུ་རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བྱས་ཏེ།འབྲུ་རིགས་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་འབྲུ་རིགས་ཉར་འཇོག་བྱེད་པའི་ནུས་པ་ཆེར་བཏང་སྟེ།རྨོ་ཞིང་གི་འབྲུ་རིགས་ཐོན་སྐྱེད་ཀྱི་རྒྱ་ཁྱོན་དང་།ཐོན་ཚད།སྤུས་ཚད་བཅས་ཇེ་ཉུང་དུ་མི་འགྲོ་བར་འགན་སྲུང་བྱ་དགོས་པ་བསྟན།