པར་རིས་གསར་འགྱུར།
《 海南报-藏文 》( 2025年10月22日 第 03 版 )

ཉེ་སྔོན།ཀོས་ནན་རྫོང་གི་ས་མུའུ་ཁྲིའི་གྲོ་ཞིང་གི་ལོ་ལེགས་བསྡུ་པའི་དུས་སུ་སླེབས་པ་དང་།དྲི་ཞིམ་གྱི་བསིལ་རླུང་ཁྲོད་གསེར་མདོག་གི་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་གཡོ་བཞིན་མཆིས་ཤིང་།ཞིང་འབྲེག་འཕྲུལ་འཁོར་གྱི་ལྡུར་སྒྲ་འུར་འུར་དུ་གྲགས་པ་དང་ཆབས་ཅིགཞིང་པ་རྣམས་ཀྱིས་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་དུ་ཉར་བའི་ལས་ལ་བྲེལ་བཞིན།ཡིད་སེམས་ཚིམས་པའི་ངོ་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཡོད་དེ།ལོ་ལེགས་སྙེ་མའི་གསེར་མདོག་རྦ་རླབས་བཞིན་འཕྱུར་བའི་མཛེས་ཉམས་ཏེ་སྤྲིན་དཀར་གྱི་འདབས་མའི་འོག་ཆེས་མཛེས་པའི་ལོ་ཟླའི་རི་མོ་ཞིག་ཏུ་གྲུབ་ཡོད།ཉེ་བའི་ལོ་ཤས་རིང་།ས་གནས་དེ་གས་སོན་བཟང་ཁྱབ་གདལ་དང་འཕྲུལ་ཆས་ལས་གཉེར་ལ་བརྟེན་སྟོན་དུས་ཀྱི་རིགས་འབྲུ་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཁག་ཐེག་བྱས་ཡོད།པར་འདི་ནི་ཟླ10ཚེས15ཉིན་ཀོས་རྫོང་མང་ཆུ་གྲོང་རྡལ་ཤ་རྭ་སྡེ་བའི་སྡེ་མི་ཚོས་གྲོ་ཡི་ལོ་ལེགས་བསྡུ་བའི་རྣམ་པ་རེད།