- 放大
- 缩小
- 默认
མཐོ་སྒང་ས་ཁུལ་གྱི་ནུས་ཁུངས་གྲོན་ཆུང་གི་ཐབ་ཀ་སྟེར་བའི་ལས་གཞིའི་མཛད་སྒོ་རྒྱ་ཡེ་སྡེ་བར་བསྡུས་པ།
《 海南报-藏文 》( 2025年09月30日 第 02 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།དྲོད་ཁོལ་ཅན་གྱི་མེ་ཐབ་ཅེས་པའི་མཐོ་སྒང་ས་ཁུལ་གྱི་ནུས་ཁུངས་གྲོན་ཆུང་གི་ཐབ་ཀ་སྟེར་བའི་ལས་གཞིའི་མཛད་སྒོ་དེ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བ་རུ་བསྡུས་པ་རེད།
ཐེངས་འདིའི་དངོས་ཟོག་སྟེར་བའི་བྱ་འགུལ་ནི་ཀྲུང་གོ་མཛའ་མཐུན་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་མཚོ་སྔོན་ཞིང་ཆེན་ཕྱི་འབྲེལ་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཕྱི་འབྲེལ་མཛའ་མཐུན་མཐུན་ཚོགས།དེ་མིན་ལིག་ཧྲི་ཚོགས་པ་བཅས་ལ་མཉམ་འབྲེལ་སྒོས་སྤེལ་བ་ཡིན་ཏེ།རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བར་ནུས་ཁུངས་གསར་པའི་རླངས་འགྱུར་དྲོད་འདོན་ཐབ་ཀ41བྱིན་པ་རེད།རྒྱ་ཡེ་སྡེ་བ་མཐོ་སྒང་ས་ཁུལ་དུ་ཡོད་པས་དགུན་ཁར་ཧ་ཅང་འཁྱག་སྟེ།ཆེས་དམའ་བའི་དྲོད་ཚད་ཏུའུ20མན་ཡིན།སྲོལ་རྒྱུན་གྱི་དྲོད་འདོན་ཐབས་ལ་འགྲོ་གྲོན་ཆེ་ཞིང་ཁོར་ཡུག་འབག་བཙོག་སོགས་ཀྱི་གནད་དོན་མང་བས།འབྲོག་པ་མང་ཚོགས་ཀྱི་དགུན་དུས་འཚོ་བར་སྟབས་ཧ་ཅང་མི་བདེ་བར་བཟོས་ཡོད།ཐེངས་འདིའི་ནུས་ཁུངས་གྲོན་ཆུང་ཐབ་ཀར་ཐེངས་གཉིས་རླངས་འགྱུར་སྦར་རོགས་ལག་རྩལ་བཀོལ་ཡོད་པ་དང་།རྡོ་སོལ་གྲོན་ཆུང་དང་འབག་བཙོག་ཇེ་ཉུང་དུ་གཏོང་ཐུབ་པ་མ་ཟད།ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་།དྲོད་འདོན་བཅས་ཀྱི་ཁྱད་ཆོས་གསུམ་ལྡན་པ་རེད། ཐེངས་འདིར་བྱིན་པའི་དངོས་ཟོག་གིས་ས་གནས་འབྲོག་པའི་དགུན་དུས་ཀྱི་འཚོ་བར་དྲོད་ཁོལ་སྦྱིན་ཏེ།སྤྱི་ཚོགས་སྤྱི་ཕན་སྟོབས་ཤུགས་ཀྱིས་མཐོ་སྒང་ས་ཁུལ་གྱི་དམངས་ཚིས་དགོས་མཁོ་བསྐང་སྟེ་རོང་འབྲོག་པའི་དཀའ་སྡུག་སེལ་བར་མ་ཟད།རྒྱ་ཡེ་སྡེ་བའི་ཐཱན་ཉུང་ཁོར་སྲུང་གི་འཚོ་བའི་འདུ་ཤེས་ཇེ་བརྟན་དང་མི་སྡོད་ཁོར་ཡུག་ཇེ་ལེགས་བཏང་སྟེ།མཐོ་སྒང་མང་ཚོགས་ལ་སྤྱི་ཚོགས་སྡེ་ཁག་སོ་སོ་ནས་ཕུལ་བའི་བརྩེ་བ་ཡི་དྲོད་ཁོལ་ཚོར་དུ་བཅུག
གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟོན་ཐར་རྒྱལ་གྱིས་བཤད་རྒྱུར།དེ་རིང་ང་ཚོས་ཐེབས་རྩ་ཚོགས་པའི་ཐབ་ཀ41དབུལ་སྐྱོར་སྡེ་མི་ཡོངས་ལ་བགོས་པ་དང་།འདིས་ང་ཚོ་སྡེ་བའི་ཁྱིམ་ཚང41གི་དགོས་མཁོ་བསྐང་ནས་དྲོད་ཁོལ་ལྡན་པའི་དགུན་དུས་ཤིག་རོལ་བར་འགན་ལེན་བྱས་ཡོད་ཟེར།