གུང་ཧོ་རྫོང་གི་རིག་ནུས་སྨན་བཅོས་ཀྱིས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས་པ།

《 海南报-藏文 》( 2025年09月30日 第 02 版 )

རང་ཚགས་པར་གྱི་འཕྲིན།གུང་ཧོ་རྫོང་གིས་སྙིང་རིས་བརྟག་དཔྱད་འཕྲུལ་ཆས་དངོས་སུ་གསར་སྐྲུན་དང་བཀོལ་སྤྱོད་བྱེད་མགོ་བརྩམས་ཤིང་།འདི་ནི་རྫོང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་གྲངས་འཛིན་དང་རིག་ནུས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་སོང་བའི་རྟགས་མཚན་ཡིན་པར་མ་ཟད།ལྷག་པར་དུ་གུང་ཧོ་རྫོང་གིས་ཚན་རྩལ་ལ་བརྟེན་ནས་སྨན་བཅོས་ལེགས་བཅོས་དང་གཞི་རིམ་སྨན་བཅོས་ཞབས་ཞུ་འཕེལ་རྒྱས་སུ་སོང་བའང་མཚོན་ཡོད།མང་ཚོགས་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་ཁར་སྨན་བཅོས་བརྟག་དཔྱད་དང་ཕྱོགས་གཉིས་བརྟག་དཔྱད།གོང་འོག་འབྲེལ་མཐུད་ཀྱི་ནད་འགོག་ཞབས་ཞུ་ལ་རིག་ནུས་ཀྱི་རྨང་གཞི་བརྟན་པོ་བཏིངས་བའང་མཚོན་ཡོད།

ལས་གཞི་གསར་སྐྲུན་གྱིས་གཞི་རིམ་དུ་བརྟག་དཔྱད་དང་།རྫོང་རིམ་པའི་རྟགས་དཔྱད།གྲུབ་འབྲས་ལོངས་སྤྱོད་འཛུགས་པའི་ཞབས་ཞུའི་ཐབས་ལམ་གྱིས་ས་ཁོངས་དང་ནུས་ཁུངས་ལེགས་བཅོས་བཟང་བོ་བྱས་ནས་གཞི་རིམ་སྨན་བཅོས་ཀྱི་ལས་ཁུངས་ལ་སྒྲིག་ཆས་ཡོད་ཅིང་ནུས་པ་མེད་པ།བརྟག་དཔྱད་ཐུབ་ཀྱང་གདེང་ཚོད་མེད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བཟང་བོ་བྱས་ཤིང་།མང་ཚོགས་རྣམས་ལ་རང་ཁྱིམ་གྱི་སྒོ་ཁར་རིམ་པ་གཉིས་པའི་སྨན་ཁང་གི་སྙིང་རིས་བརྟག་དཔྱད་ཀྱི་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག་པ་རེད།

སྙིང་རུས་བརྟག་དཔྱད་དྲ་བས་མ་ལག་བཀོལ་སྤྱོད་བྱེད་མགོ་ཚུགས་པ་ནས་བཟུང་།བསྡོམས་པས་ནད་པ654ལ་ཆེད་ལས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད།རྒྱུན་ལྡན་མིན་པའི་སྙིང་རིས་བརྟག་འབྲས244ངོས་འཛིན་བཟང་བོ་བྱས་པ་རེད།དེ་མིན་སྔ་མོ་ནས་ནད་གཞི་ངོས་འཛིན་དང་སྔོན་འགོགགསོ་བཅོས་བྱེད་པའི་ཐབས་ལམ་བཟང་བོར་བརྟེན་ནས་སྙིང་ཁྲག་ནད་གཞིའི་ཤི་ཚད་དང་དབང་སྐྱོན་གྱི་ཉེན་ཁ་སེལ་ཞིང་མང་ཚོགས་ཀྱི་བདེ་ཐང་ལ་དམངས་སེམས་ཀྱི་འདོད་བློ་དང་མཐུན་པའི་སྲུང་སྐྱོང་བཟང་བོ་བྱས་པ་རེད།