ལིས་ཀང་གིས་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་དང་མཚོ་སྔོན་ཞིང་ཆེན་དངུལ་ཁང་གི་འགན་འཁུར་བློ་མཐུན་གཙོ་བོར་ཐུག་འཕྲད་གནང་བ།

《 海南报-藏文 》( 2025年09月30日 第 02 版 )

རང་ཚགས་པར་གྱི་འཕྲིན།ཟླ9པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་འཚམས་འདྲིར་ཡོང་བའི་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཅིན་ཀྲའོ་ཞིན་དང་མཚོ་སྔོན་དངུལ་ཁང་གི་ཏང་ཨུའི་ཧྲུའ་ཅིའམ་ཏུང་ཧྲི་ཀྲང་གི་འོས་མི་དབྱིན་ཧའེ་ཧྥིན་གཉིས་ལ་ཐུག་འཕྲད་བྱས་ཏེ།མུ་མཐུད་དུ་མཉམ་ལས་གཏིང་ཟབ་དང་ལག་གདང་སྦྲེལ་ནས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་བསམ་བློ་བརྗེ་རེས་བྱས།

ལིས་ཀང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཅིན་ཀྲའོ་ཞིན་དང་དབྱིན་ཧའེ་ཧྥིན་འཁོར་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་སྔོན་དངུལ་ཁང་གིས་དུས་ཡུན་རིང་པོར་རང་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོས་མཚོ་ལྷོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་ལྷོའི་འཕེལ་རྒྱས་ལ་བཏོན་པའི་ངེས་གནས་སྒོ་ཀུན་ནས་ལག་བསྟར་དངོས་འབེབས་བྱས་ཏེ། ད་ལྟ་སྐྱེ་ཁམས་ལ་བརྟེན་ནས་ཁུལ་སྐྱོང་བ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ་ཞེས་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ནས།ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་དར་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད་ཅེས་བསྟན།དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས།བཟོ་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་སྔོན་དངུལ་ཁང་གིས་སྔར་མུས་བཞིན་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་།ཐོན་ལས་གནས་བཞི་འཛུགས་སྐྲུན་བྱས་ནས་སྔར་ལས་སྤུས་ལེགས་ཀྱི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ།དམངས་གཉེར་ཁེ་ལས་དང་རོང་འབྲོག་མང་ཚོགས་ཀྱི་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་ས་གནས་སྲིད་གཞུང་གི་དངུལ་རྩ་མཉམ་བསྲེས་ཀྱི་སྟེགས་བུའི་ཉེན་ཁ་སེལ་བར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།དངུལ་རྩའི་ཐོན་ཁུངས་མཁོ་སྤྲོད་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་རམ་འདེགས་བྱ་དགོས་པའི་རེ་བ་བཏོན་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བར་གྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བརྒྱབ་ནས་དངུལ་རྩའི་ཁོར་ཡུག་བཟང་བོ་བསྐྲུན་པ་དང་ནུས་ཤུགས་ཡོད་རྒུས་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡག་ལག་དངུལ་ཁང་དང་མཚོ་སྔོན་དངུལ་ཁང་གིས་མཚོ་ལྷོ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཅིན་ཀྲའོ་ཞིན་དང་དབྱིན་ཧའེ་ཧྥིན་གཉིས་ཀྱིས་སོ་སོར་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཚོ་སྔོན་དངུལ་ཁང་གིས་མཚོ་ལྷོའི་ལས་སྒོའི་བཀོད་སྒྲིག་དང་མ་འོངས་པའི་འཕེལ་རྒྱས་འཆར་གཞི་མཚམས་སྦྱོར་བྱས་པ་མ་ཟད།མཚོ་ལྷོ་ཁུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་དགེ་མཚན་གསལ་བོ་ཡིན་ཞིང་འཕེལ་རྒྱས་ཀྱི་གནས་བབ་ལེགས་པ། དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་བཟང་བོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་དངུལ་རྩའི་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་ལྷོ་ཁུལ་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ།ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱས་ནས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་ཟམ་མི་ཆད་པར་ལེགས་བཅོས་བྱ་དགོས་ཤིང་།ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ།ཕན་བདེའི་དངུལ་རྩ།རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་ནང་དོན་ཆེན་པོ་ལྔ་བསྟུད་མར་ལེགས་པར་བསྒྲུབ་ནས། མཚོ་ལྷོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཧུར་ཐག་སྒོས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་པ་བསྟན།

ཀྲང་ཅི་ཙུང་དང་ལི་གོ་ཧྲིན་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།