ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།
《 海南报-藏文 》( 2025年06月11日 第 03 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་མགོ་འཛིན་བྱས་ཏེ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་གལ་ཆེའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་ནས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་ཀྱི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།
ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ་དེས་ང་ཚོར་དུས་རབས་གསར་པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བར་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་ཤིང་།གསར་དུ་བཅོས་པའི་ཏང་སྲིད་ལས་ཁུངས་ཀྱིས་ཟས་རིགས་ལ་གྲོན་ཆུང་ནན་མོ་བྱེད་པ་དང་ཆུད་ཟོས་གཏོང་བར་ངོ་རྒོལ་བྱེད་པའི་སྲོལ་ཡིག་དང་ཏང་ཨུ་དང་ཏང་རྩ་འཛུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་ཐབས་ནང་ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་འཚོ་བ་གྲོན་ཆུང་གིས་རོལ་བ་དང་ཏང་གི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་ལམ་ལུགས་དམ་པོར་སྲུང་སྟེ།སྐབས་བཅུ་དགུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཕྱི་ཚུལ་རིང་ལུགས་བཅོས་སྒྱུར་བྱ་རྒྱུ་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་ཐད་བླངས་པའི་གྲུབ་འབྲས་དང་ཉམས་མྱོང་གིས་ང་ཚོར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཏིང་ཟབ་ཏུ་འཕེལ་བར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་སྤྲད་ཡོད་ཅེས་བསྟན།
ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཀྲུང་དབྱང་རིམ་པ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་སྦྱོང་འཛིན་གྲྭ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་གྱིས་ཡོངས་བསྒྲགས་བརྡ་ཁྱབ་བཏང་བའི་ཏང་ཡོན་ལས་བྱེད་པས་སྒྲིག་འགལ་གྱིས་ཟ་མ་ཟོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལ་འགལ་བའི་ཚབས་ཆེན་དཔེ་མཚོན་གྱི་གནད་དོན་རིགས་གཉིས་ལས་བསླབ་བྱ་ཟབ་མོ་ཐོབ་པ་དང་སྲོལ་ངན་བཞིའི་གནད་དོན་གྱི་ངན་རེངས་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལ་ངོས་འཛིན་ནན་མོ་བྱས་ནས།སྒྲིག་འགལ་གྱིས་ཟ་མ་ཟོས་པའི་ཆབ་སྲིད་ཀྱི་གནོད་འཚེ་ཚབས་ཆེན་ལ་ངོས་འཛིན་ནན་མོ་བྱས་ཏེ།རང་ཁུལ་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་གྱོད་གཞིར་དབྱེ་ཞིབ།གྱོད་གཞིར་ཉེན་བརྡ་གཏོང་བ།གྱོད་གཞི་བསྒྱུར་བཅོས་བཅས་བྱ་དགོས།ཁུལ་ཨུའི་རྒྱུན་ཨུའི་ཚན་སྐོར་མི་སྣས་སྣེ་ཁྲིད་དེ་རིམ་པ་བཞིན་འགན་འཁྲི་ནན་སྲུང་བྱས་ནས།ལས་ཁུངས་ཀྱིས་སྒྲིག་ལམ་སྲུང་བ་དང་ལས་བཟོ་བར་དོ་དམ་ཡག་པོ་བྱ་དགོས།འགན་འཁྲི་ནན་སྲུང་བྱ་རྒྱུ་དེ་མཐའ་འཁྱོངས་བྱས་ཏེ་སྒྲིག་འགལ་གྱིས་ཟ་མ་ཟ་མཁན་གྱི་མི་དང་བྱ་བར་ཁྲིམས་ལྟར་ཞིབ་བཤེར་ནན་མོ་བྱས་ཏེ་མགྱོགས་མྱུར་ཐག་གཅོད་བྱས་ནས།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་མུ་མཐུད་དུ་འབད་པ་བྱ་དགོས་ཞེས་ནན་གྱིས་བསྟན།
(འཕྲོ་མ་པར་ངོས3པར་གཟིགས།)
(པར་ངོས1པོར་མཐུད་པ།)ཚོགས་འདུའི་སྟེང་ས་ཁུལ་སོ་སོའི་སྡེ་ཚན་སོ་སོ་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཁྲིམས་འཛུགས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་བྱ་བར་སྔར་ལས་གྲུབ་འབྲས་གསར་པ་ལེན་པར་ནུས་ཤུགས་ཡོད་ཚད་འདོན་དགོས་ལ།ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་སྐྱོང་པ་དང་།སྔར་ལས་ལྷག་པའི་སྒོ་ནས12345ཡི་ཞབས་ཞུའི་འབད་འཐབ་དམིགས་འབེན་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་སྟོབས་ཆེར་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོ་ཡོང་བ་བཅས་ཀྱི་འཐབ་ཇུས་མངོན་འགྱུར་བྱུང་བར་འབད་པ།ཁྲིམས་ནན་སྐྱོང་མཐའ་འཁྱོངས་དང་ཡ་རབས་ཚུལ་ལྡན།གཞུང་དྲང་གི་ཁྲིམས་ནན་སྐྱོང་ཕྱོགས་ལ་ཧུར་བརྩོན་བྱས་ཏེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་ཁྲིམས་ཀྱིས་འགན་ལེན་ཐོབ་པར་ཤུགས་རྒྱག་དགོས། དྲང་བདེན་གྱི་ཁྲིམས་འཛིན་བཅའ་ཁྲིམས་སྲུང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་ཀྱི་བྱ་བའི་རིགས་ཁྲིམས་ལྟར་རྡུང་རྡེག་ནན་མོ་བྱས་ནས་གཙོ་གནད་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། དམངས་ཡོངས་ཀྱིས་ཁྲིམས་སྲུང་རྒྱུན་འཁྱོངས་བྱེད་པར་དྲིལ་སྒྲོག་སློབ་གསོ་དང་གསོ་སྦྱོང་སྤེལ་པའི་ཕྱོགས་སུ་ཤུགས་བསྐྱེད་དེ།ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱེད་བཞིན་པའི་རང་སྐྱོང་དང་ཁྲིམས་སྐྱོང་།ཀུན་སྤྱོད་ལེགས་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་གི་མཁར་ཤང་ཅིག་འཛུགས་སྐྱོང་བྱས་ཏེ།འགལ་བ་དང་རྩོད་གཞིའི་རིགས་སྣ་ཚོགས་ཁྲིམས་ལྟར་ཐག་གཅོད་བྱེད་པ་དང་ལོ་ལྔའི་འཆར་གཞི་བརྒྱད་པའི་བཅའ་ཁྲིམས་ཁྱབ་གདལ་དུ་གཏོང་བའི་འཆར་འགོད་ཀྱི་བྱ་བའི་མཇུག་ལེགས་པོར་བསྡུ་དགོས་པར་བླང་བྱ་ནན་མོ་བཏོན།
ས་ཁུལ་སོ་སོ་དང་འབྲེལ་ཡོད་ལུས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་བསམ་བློའི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས།མང་ཚོགས་ལ་བསམ་འཆར་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་གཙོར་བཟུང་སྟེ།དམངས་ཚིས་ཁྱབ་ཁོངས་ཀྱི་གནད་དོན་འབུར་ཐོན་ཡིན་པ་རྩ་བ་ནས་ཐག་གཅོད་བྱས་ཏེ།དུས་རིམ་རང་བཞིན་གྱི་ཆེད་དོན་བཅོས་སྒྲིག་དང་དུས་ཡུན་རིང་པོར་ཕན་ནུས་ལྡན་པའི་དོ་དམ་ཕན་ཚུན་གཅིག་གྱུར་ཡོང་བ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྱུར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་གཏོང་བར་ཤུགས་འདོན་པ།སེམས་རྣལ་དུ་ཕབ་ནས་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་།གྱོད་གཞི་ཞིབ་གཅོད་ནན་མོ་བྱས་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁས་ལེན་དང་བརྩི་བཀུར་ཐོབ་པར་འབད་དགོས་ཞེས་བསྟན།
ཚོགས་འདུའི་སྟེང་ད་དུང་དཔལ་འབྱོར་འཕེལ་རྒྱས་དང་བདེ་འཇགས་ཐོན་སྐྱེད།འབྲུབ་འགོག་གནོད་སེལ།སྤྱི་ཚོགས་བརྟན་བརླིང་།སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར། མཐོ་རྒྱུགས་ཞབས་ཞུའི་འགན་ལེན་སོགས་ཀྱི་བྱ་བར་བཀོད་སྒྲིག་བྱས་པ་རེད།།