རང་ཁུལ་གྱིས་རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པའི་ཆེན་དོན་འཛིན་གྲྭ་བསྡུས་པ།

《 海南报-藏文 》( 2025年06月11日 第 03 版 )

རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་གྲོང་ཁྱེར་མཁར་གྲོང་ལས་རིགས་ལག་རྩལ་སློབ་གྲྭ་དང་མཉམ་འབྲེལ་སྒོས་རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པའི་ཆེན་དོན་བགྲོ་གླེང་འཛིན་གྲྭ་བསྡུས་ཤིང་།རྫོང་ཁག་ལྔའི་སྲིད་གཞུང་དང་།ཁུལ་གཏོགས་དང་རྫོང་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་ལས་སྒོའི་རྐང་འཛིན་པ་བཅས་མི30ཐེངས་འདིའི་རིག་གཞུང་ཞིབ་འཇུག་དང་ཆེད་དོན་ཞིབ་བསྡུར།ཡུལ་དངོས་ལ་ལྟ་སྦྱོང་བཅས་བྱས་ཏེ།ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་རྣམ་པ་གསར་པའི་མཁར་གྲོང་ཅན་འཕེལ་ཕྱོགས་ལ་སློབ་སྦྱོང་བྱས་ཏེ།རང་ཁུལ་གྱི་མཁར་གྲོང་ཅན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་བསམ་ཕྱོགས་གསར་པ་བསྣན།

ཐེངས་འདིའི་གསོ་སྦྱོང་གིས་མི་གཙོ་བོར་འཛིན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་ཞེས་པ་བརྗོད་བྱར་བཟུང་ནས།ཞིང་ཆེན་གྱི་མཁར་གྲོང་ཅན་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གཞིར་འཛིན་པ་དང་།སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་།མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་འཕེལ་རྒྱས་བསམ་བློ་དང་སྤུས་ཚད་མཐོ་བའི་སྒོ་ནས་མི་གཙོ་བོར་འཛིན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས།