རང་ཁུལ་གྱིས་མཚོ་ལྷོའི་རིག་གནས་ལོ་རྒྱུས་ཀྱི་དཔེ་དེབ་གསུམ་གྱི་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུའི་འབྲེལ་གཏུག་མི་སྣའི་གསོ་སྦྱོང་ཚོགས་འདུ་བསྡུས་པ།
《 海南报-藏文 》( 2025年03月26日 第 02 版 )
རང་ཚགས་པར་གྱི་འཕྲིན།ཉེ་ཆར།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འདུ་ཤེས་བརྟན་པོར་འཛུགས་པའི་ཟིན་ཐོ་གནད་བསྡུས》དང་《མཚོ་ལྷོ་ཁུལ་གྱི་དབུལ་སྐྱོར་ལོ་རྒྱུས།》《ཀྲུང་གོ་གུང་ཁྲན་ཏང་གི་མཚོ་ལྷོ་ཁུལ་གྱི་ལོ་རྒྱུས1978ལོ་ནས2012ལོའི་བར་དང2012ལོ་ནས2022ལོའི》བར་གྱི་རིག་གནས་ལོ་རྒྱུས་ཀྱི་དཔེ་དེབ་གསུམ་གྱི་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུའི་འབྲེལ་གཏུག་མི་སྣའི་གསོ་སྦྱོང་ཚོགས་འདུ་བསྡུས་ཤིང་། གསོ་སྦྱོང་ཚོགས་འདུའི་ཐོག་ཟིན་ཐོའི་ཁྲོད་ཀྱི་དཔེ་དེབ་གསུམ་གྱི་བྱ་བའི་ཇུས་གཞི་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་བྱ་བའི་མྱུར་ཚད་ཁྱབ་བསྒྲགས་བྱས་ལ།བྱ་བ་གཙོ་བོའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པར་མ་ཟད།དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་བྱེད་ཐབས་གསལ་བཤད་བྱས་ནས་མིག་སྔའི་ལས་འགན་གཙོ་བོ་ཁ་གསལ་བཟོས་པ་རེད།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཟིན་ཐོ་གནད་བསྡུས》དང《མཚོ་ལྷོ་ཁུལ་གྱི་དབུལ་སྐྱོར་ལོ་རྒྱུས།》དཔེ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ།ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཁོངས་མིའི་སྡེ་ཁག་གི་འབྲེལ་གཏུག་པ།རྫོང་ལྔའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་དང་རྫོང་ཨུའི་གསར་འཛུགས་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་བཅས་མི120གསོ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུ་ལས་འདས་ཟིན་པའི་ལོ་འགའི་ནང་ཚང་མས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས།དུས་ཐོག་ཏུ་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་དང་ཡར་སྤྲོད་བྱས་ཏེ།ལོ་རེའི《མཚོ་སྔོན་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་འཛིན་ཟིན་ཐོ་གནད་བསྡུས》སོགས་དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་རྩོམ་སྒྲིག་བྱས་ཏེ་ལེགས་འགྲུབ་བྱུང་ཞིང་།《ཀྲུང་གོ་གུང་ཁྲན་ཏང་མཚོ་ལྷོ་ཁུལ་གྱི་ལོ་རྒྱུས(1949ལོ་ནས1978ལོའི)》བར་གྱི་རྩོམ་སྒྲིག་དང་ཞིབ་དག་གི་བྱ་བ་ལེགས་འགྲུབ་བྱུང་བ་དང་།《མཚོ་ལྷོ་ཁུལ་དབུལ་སྐྱོར་ལོ་རྒྱུས》ཀྱི་ཐོག་མའི་རྩོམ་སྒྲིག་དུས་རིམ་གྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ།ད་ལོའི་ཕྱོགས་ཡོངས་ཀྱི་འགག་སྒྲོལ་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཞེས་བསྟན།
ཚོགས་འདུའི་སྟེང་གསོ་སྦྱོང་བྱེད་ཐབས་སྤྱད་དེ་ཁུལ་ཡོངས་ཀྱི་དཔྱད་གཞིའི་ཡིག་ཆ་འབྲེལ་གཏུག་མི་སྣར་ལས་སྒོའི་གསོ་སྦྱོང་སྤེལ་པ་དང་། ཁུལ་གསར་འཛུགས་གཞུང་སྒྲུབ་ཁང་དང་ཁུལ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འབྲེལ་ཡོད་བློ་མཐུན་རྣམས་ཀྱིས་ཚང་མར་དཔེ་དེབ་གསུམ་པོའི་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ་བྱེད་པའི་གཙོ་གནད་དང་བྱེད་ཐབས་སྐོར་སློབ་ཁྲིད་བྱས།