- 放大
- 缩小
- 默认
ལིས་ཀང་དང་ཀརྨ་ཕུན་ཚོགས་ཀྱིས་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་སུའོ་ཡི་ ཞིབ་འཇུག་པ་ལིའུ་ཀུང་ཧྲེ་དང་ཐུག་འཕྲད་གནང་བ།
《 海南报-藏文 》( 2025年03月26日 第 02 版 )
རང་ཚགས་པར་གྱི་འཕྲིན།ཟླ3པའི་ཚེས19ཉིན།ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཆབ་ཆ་རུ་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་སུའོ་ཡི་ཞིབ་འཇུག་པ་ལིའུ་ཀུང་ཧྲེ་དང་།ཅང་སུའུ་ཅུན་ཁྲོང་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཁྲེན་ཅ་རུང་།པེ་ཅིང་ཝན་ཅེ་གཞི་གྲངས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ལིའུ་ཀྲེན་སོགས་དང་མཇལ་འཕྲད་གནང་བར་མ་ཟད།དེང་རབས་གཟན་རྩྭ་ཐོན་ལས་དང་གློག་རྩིས་མཉམ་འདྲེས་འཕེལ་རྒྱས། ནུས་ཁུངས་གསར་སྤེལ་བཅས་ཀྱི་ཐད་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་ནས་མཉམ་དུ་ལས་གཉེར་བྱེད་པར་གྲོས་མཐུན་བྱུང་།
ལིས་ཀང་གིས་ལིའུ་ཀུང་ཧྲུའི་ཞིབ་འཇུག་པ་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པར་མ་ཟད།ཁུལ་གྱི་གནས་ཚུལ་དང་ཐོན་ཁུངས་ཀྱི་དགེ་མཚན།ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་བཅས་ངོ་སྤྲོད་གནང་བ་རེད།མིག་སྔར་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཞིང་ཆེན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་།ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ།ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ་བཅས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།ཀྲུང་གོའི་ལུགས་ཀྱི་མཚོ་ལྷོའི་ལེའུ་ཧུར་ཐག་གིས་འབྲི་བའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ།ཀྲུང་གོ་ཚན་རིག་ཁང་རྩི་ཤིང་སུའོ་དང་ཅང་སུའུ་དམག་དཔུང་གསར་སྐྲུན། པེ་ཅིན་ཁྲན་ཅེ་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་མ་དངུལ་དང་ལག་རྩལ་གྱི་ལེགས་ཆ་ལ་བརྟེན་ནས་མཚོ་ལྷོའི་གཟན་རྩྭ་འདེབས་འཛུགས་དང་།གཞི་གྲངས་ལྟེ་གནས་འཛུགས་སྐྲུན།རླུང་ཤུགས་ཐོན་ཁུངས་གསར་སྤེལ་བཅས་ཀྱི་འཆར་གཞི་ལག་བསྟར་བྱས་པ་དེ་མཚོ་ལྷོའི་ཐོན་ལས་འཕེལ་རྒྱས་བཀོད་སྒྲིག་དང་མཐུན་པ་རེད།ཀྲུང་གོ་ཚན་རིག་ཁང་རྩི་ཤིང་སུའོ་དང་ཁེ་ལས་གཉིས་ཀྱིས་མཚོ་ལྷོས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་དོན་དངོས་དང་ཟུང་འབྲེལ་ནན་མོ་བྱས་ཏེ།མཚོ་ལྷོའི་འོད་བསྡུ་བྱེ་བཅོས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཕྱོགས་བསྡོམས་བྱས་ཏེ། མུའུ་ཁྲི་ཡི་གཟན་རྩྭ་འདེབས་འཛུགས་ལས་གཞི་ལག་བསྟར་བྱེད་པར་འབད་འབུངས་བྱས་ཏེ།ཕྱུགས་ལས་ཀྱི་ཐོན་ཚད་མཐོ་རུ་གཏོང་རྒྱུར་རོགས་འདེགས་དང་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བ།མཚོ་ལྷོས་ལྗང་མདོག་གློག་ཤུགས་ལ་བརྟེན་ནས་ལྗང་མདོག་རྩིས་ཤུགས་འཕེལ་རྒྱས་གཏོང་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོར་འཛིན་པ་དང་ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ།གཞི་གྲངས་ལྟེ་གནས་ལས་གཞི་དུས་བཀག་ལྟར་མགོ་འཛུགས་རྒྱུ་འགན་ལེན་བྱས་ཤིང་།གློག་རྩིས་མཉམ་སྒྲུབ་འཕེལ་རྒྱས་ཀྱི་ཐཱན་མེད་ཐོན་ལས་འདུ་གནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྟོབས་ཤུགས་འབུལ་དགོས་པའི་རེ་བ་ཞུས་པ་དང་།མཚོ་ལྷོ་ཁུལ་གྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་ནས་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱེད་པ་དང་།རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་འདེགས་སྐྱོར་བྱེད་ཤུགས་ཆེར་གཏོང་བ།ཁེ་ལས་ལ་ཕན་པ་ཐོབ་པའི་སྲིད་ཇུས་དུས་ལྟར་དོན་འཁྱོལ་བཅས་བྱས་ཏེ་མཉམ་འབྲེལ་བྱ་བ་དུས་ལྟར་མགོ་བཙུགས་པའི་ལས་འགན་བསྒྲུབ་ནས་ཐོན་སྐྱེད་དང་ཕན་འབྲས་མངོན་པར་བྱེད་པ་བཅས་འགན་ལེན་བྱ་དགོས་ཞེས་ནན་བཤད་བྱས།
ལིའུ་ཀུང་ཧྲེ་དང་ཁྲེན་ཅ་རུང་། ལིའུ་ཀྲེན་བཅས་ཀྱིས་མཚོ་ལྷོའི་ནུས་ཁུངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།ཕྱུགས་ལས་ཀྱི་རྨང་གཞི་བརྟན་པ།གློག་རྩིས་མཉམ་འདྲེས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པས་མ་དངུལ་གཏོང་ས་དང་འཕེལ་རྒྱས་ཡོད་ས།ལས་གཏོད་བྱེད་ས་བཅས་ཀྱི་གནས་འགངས་ཆེན་ཞིག་ཡིན་པས།རྗེས་ཕྱོགས་འབྲེལ་མཐུད་དང་མཉམ་སྒྲུབ་ཕྱོགས་ལ་ཤུགས་བསྣན་ནས་བྱ་བའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས།ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དུས་མགོའི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་སྟེ་གཏན་འཁེལ་བྱས་པའི་ལས་གཞི་དུས་བཅད་ལྟར་མགོ་འཛུགས་རྒྱུ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་མཉམ་འབྲེལ་གྱི་གོ་སྐབས་སྔར་ལས་མང་པོ་འཚོལ་ཞིབ་བྱས་ནས་ཁྱབ་ཁོངས་སྔར་ལས་རྒྱ་ཆེར་བཏང་སྟེ་ཐུན་མོང་ལ་ཕན་པའི་ཁེ་ཕན་མངོན་འགྱུར་འབྱུང་བར་འབད་རྒྱུ་ཡིན་ཟེར།
ཀྲང་ཅི་ཙུང་དང་ཀེན་ཏེང་ཅ། ཀེན་ཀྲི་ཚའེ་རང།ལི་གོ་ཞུང་བཅས་ཐུག་འཕྲད་ནང་ཞུགས་པ་རེད།།