པར་རིས་གསར་འགྱུར།

《 海南报-藏文 》( 2025年03月26日 第 02 版 )

ཟླ3པའི་ཚེས19ཉིན།ཞིན་ཧེ་རྫོང་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་དུང་དཀར་ཐང་ཆེན་དུ་མང་ཚོགས་ལ་དྲག་ཆར་དང་སེར་བ།གློག་འཁྱུགརླུང་ཆེན་སོགས་ཀྱི་གནོད་འཚེ་རང་བཞིན་གྱི་གནམ་གཤིས་དང་འགོག་སྲུང་ཕྱོགས་སྟོན་འགྲེལ་བཤད་བྱས་ཤིང་།གནམ་གཤིས་ཆ་འཕྲིན་ལ་བརྟེན་ནས་ཞིང་ཕྱུགས་ལས་ཐོན་སྐྱེད་བཀོད་སྒྲིག་དང་། གནམ་གཤིས་ཀྱི་གནོད་འཚེའི་ཉེན་ཁ་ལས་གཡོལ་བ།རང་ངོས་ཀྱི་བདེ་འཇགས་དང་རྒྱུ་ནོར་སྲུང་སྐྱོང་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ།མང་ཚོགས་ཀྱིས་གནམ་གཤིས་ཆ་འཕྲིན་ལ་བརྟེན་ནས་ཐོན་སྐྱེད་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་བཏང་།