- 放大
- 缩小
- 默认
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང(རྒྱ་བསྐྱེད)ཚོགས་འདུ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློར་སློབ་སྦྱོང་དང་ ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་པ།
《 海南报-藏文 》( 2024年12月11日 第 03 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང(རྒྱ་བསྐྱེད)ཚོགས་འདུ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གསུང་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སྐྱེ་ཁམས་དཔལ་ཡོན་སློབ་དཔྱོད་པུའུ་ཡི་ཀྲུའུ་རེན་ཚེ་སྐྱིད་སྒྲོལ་མ་གདན་ཞུ་བྱས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་ཆེད་དོན་སློབ་ཁྲིད་བྱས།ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཝང་ཀྲུང་ཡུས།དཔལ་ལྡན།ཀུན་འགྲུབ་ཚེ་རིང་།ཧའོ་ཆིན་བཅས་དང་དེ་མིན་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ལས་བགོས་འགན་གཉེར་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་རྒྱལ་དོན་གྱི་ཆེ་ཕྱོགས་འགན་འཁུར་ཕོད་པའི་ཐོག་བྱས་རྗེས་གསར་པ་འཇོག་པར་གྲོས་བསྡུར་དང་གཏམ་སྤེལ་བ་རེད།
ལིས་ཀང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་འཐབ་ཇུས་གལ་ཆེན་ནས་མགོ་བཟུང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད།ལམ་ལུགས་གསར་གཏོད་བཅས་གསར་གཏོད་རང་བཞིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཏོན་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ཆགས་པ་ནས་དུས་རབས་གསར་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད། ཟླ11པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་རང་ཁུལ་དུ་རྟོག་ཞིབ་གནང་སྐབས་སྐྱེ་ཁམས་ཅན་དང་ལྗང་མདོག་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་དང་།གནས་བཞིའི་འཛུགས་སྐྲུན་ལ་ཧུར་ཐག་བྱས་ཏེ།མཚོ་ལྷོ་ཁུལ་གྱི་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་ཡང་བསྐྱར་བརྟག་དཔྱད་ཐེངས་གཅིག་བྱས་ནས་མཚོ་ལྷོ་ཁུལ་གྱི་གནས་བབ་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད།མཚོ་ལྷོ་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁོངས་སུ་གཏོགས་པ་དང་།མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆུ་རྒྱུད་གལ་ཆེན་ཞིག་དང་ནུབ་རྒྱུད་བྱེ་ཐང་ཅན་དེ་ཤར་རྒྱུད་དུ་མཆེད་རྒྱུར་ཚོད་འཛིན་བྱེད་པའི་རང་བྱུང་གི་སྲུང་ཡོལ་ཞིག་རེད།སྐྱེ་ཁམས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ཏེ་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ནས།སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་གཙོར་འཛིན་པ་དང་།ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ།སྐྱེ་ཁམས་ལེགས་པའི་ཐོན་ལས་ལ་སྣེ་ཁྲིད་པ།
(འཕྲོ་མ་པར་ངོས3པར་གཟིགས།)(པར་ངོས1པོར་མཐུད་པ།)ནུས་ཁུངས་གཙང་མ་སྤྱོད་རྒྱུ་ཁྱབ་སྤེལ་དུ་བཏང་སྟེ།སྐྱེ་ཁམས་ཅན་དེ་ས་ཁུལ་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་རྣམ་པ་གསར་པ་ཞིག་མངོན་པར་བྱ་དགོས།ལྗང་མདོག་ཅན་ནི་རྣམ་པ་བསྒྱུར་བའི་ལམ་བུ་ཞིག་ཡིན་ཏེ།ཐོན་ལས་ལྗང་མདོག་ཅན་དང་ལྗང་མདོག་ཐོན་ལས་ཅན་དུ་འགྱུར་བར་འབད་པ་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་ཀྱི་དོན་སྙིང་ཞིག་ཡིན་པས།ཐོན་ལས་ཀྱི་ཐབས་ལམ་གདམ་གསེས་ཐད་ངེས་པར་དུ་སྦགས་བཙོག་མེད་པའི་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཧུར་ཐག་བྱས་ཐོན་ལས་ལྗང་མདོག་ཅན་དུ་བསྒྱུར་བར་ཤུགས་འདོན་པ་དང་།འོད་བསྡུ་ཐོན་ལས་ཀྱིས་ཐོན་ལས་གཞན་དག་མཉམ་འདྲེས་དང་སྐུལ་ཁྲིད་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ཏེ་ཐོན་ལས་མཉམ་འདྲེས་ཀྱི་ཚད་གཞི་སྔར་ལས་མཐོ་རུ་གཏོང་བ།གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ་ནི་དེང་རབས་ཀྱི་འཕེལ་རིམ་ཡིན་ཏེ། མི་གཙོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འདུ་ཤེས་བརྩི་སྲུང་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་བཀོད་པ་ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།གྲོང་ཁྱེར་དང་གྲོང་རྡལ་གྱི་འཁུར་ནུས་དང་གནས་སྡོད་དང་འཚམ་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན།
ལིས་ཀང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས་ཤིང་།སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་པ་དང་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེའང་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱས་ཏེ།ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་ས་མཐོ་སྐྲུན་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་།རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྣེ་ཁྲིད་དེ།ཐོན་ལས་ལྗང་མདོག་ཅན་གྱི་སྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ལྷག་པར་དུ་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་གྱི་འོད་ཤུགས་བྱེ་བཅོས་ཚོད་ལྟའི་དཔེ་སྟོན་ལས་གཞིའི་བྱ་བ་སོ་སོར་སྐུལ་འདེད་བཏང་ནས་འོད་བསྡུ་སྐྱེ་ཁམས་ཅན་དུ་ལག་བསྟར་ཡག་པོ་བྱེད་པ།ཐཱན་གཉིས་བཅས་ཀྱི་གཞི་གྲངས་ལ་ཞིབ་འཇུག་དང་ཚོད་རྩིས་བྱས་ཏེ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།དམངས་འཚོར་བདེ་སྐྱིད་བསྐྲུན་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐག་གཅོད་ཇུས་གཞི་སྔར་ལས་ལེགས་པོ་འདོན་དགོས།
སྐྱེ་ཁམས་སྲུང་སྐྱོང་དང་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་དགོས་ཏེ།རི་དང་ཆུ།ནགས།ཞིང་།མཚེའུ། རྩྭ། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ།གཙང་གསུམ་འབྱུང་ཡུལ་ས་ཁུལ་དང་།མཚོ་སྔོན་པོའི་མཐའ་འཁོར།གུང་ཧོའི་གཤོང་ས།རྨ་ཆུའི་ཆུ་མཛོད་ཁུལ་བཅས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་ཡོལ་ཆེན་པོ་ལྔ་མུ་མཐུད་དུ་ཇེ་བརྟན་དུ་གཏོང་དགོས་ཤིང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་བཅོས་སྐྱོང་།སྲ་གཟུགས་ཟོག་རོ་གཙང་བཅོས་དང་ལྟ་སྐུལ་དོ་དམ།ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་སོགས་ཀྱི་བརྒྱུད་རིམ་ཞན་སར་དམིགས་ནས།སྦགས་བཙོག་བཅོས་སྐྱོང་གནད་ལ་འཁེལ་བ་དང་།ཚན་རིག་དང་མཐུན་པར་སྦགས་བཙོག་བཅོས་སྐྱོང་།ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བཅས་བྱས་ཏེ་བཅོས་སྐྱོང་གི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། གོ་ཆོད་རང་བཞིན་བཅས་ཆེ་རུ་གཏོང་དགོས།རིགས་མི་འདྲ་བའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་ལ་དམིགས་ནས་གཅིག་ཤེས་ཀུན་གྲོལ་གྱིས་གྲལ་བཤེར་དང་འབེན་ཕྱོགས་ཇུས་འདོན་དག་ཐེར་བྱས་ཏེ།ཁུལ་ཡོངས་ཀྱི་རིགས་མི་འདྲ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་གཙང་སེལ་མཐིལ་རྟོགས་བྱ་རྒྱུར་སྐུལ་འདེད་བཏང་ནས་སྐྱེ་ཁམས་མཚོ་ལྷོའི་གཏམ་རྒྱུད་ཡག་པོ་བཤད་དགོས། བཅོས་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་ཐོད་བརྒལ་གསར་པ་ཡོང་བར་བྱ་དགོས།མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་ནས།སྐྱེ་ཁམས་ཁ་གསབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་།སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་ཁྲིམས་འཛིན་ནུས་པ་མཐོར་འདེགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ།བཟོད་སྒོམ་སྤུ་ཙམ་ཡང་མེད་པའི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ནན་མོ་བཅད་དེ་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཐོག་ནས་སྐྱེ་ཁམས་དཔལ་ཡོན་བཙུགས་ཏེ།མང་ཚོགས་ཟབ་ཞུགས་བྱ་རྒྱུར་སྐུལ་སློང་དང་སྐྱེ་ཁམས་དམངས་ཕན་ཐད་བྱ་ཐབས་གསར་པ་འཚོལ་ཞིབ་བྱ་དགོས།མཉམ་སྐྲུན་དང་མཉམ་སྐྱོང་།མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་དག་གཙང་མཚོ་ལྷོའི་བྱ་འགུལ་སྤེལ་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ།མཚོ་སྔོན་པོའི་རྒྱུད་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་དང་གྲོང་ཚོའི་རྣམ་པ་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་བར་དམ་འཛིན་ནན་མོ་བྱེད་པ།ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་ཕ་ཡུལ་གྱི་མཛེས་ལྗོངས་དང་ཕ་ཡུལ་གྱི་བྲོ་བ།ཕ་ཡུལ་གྱི་དྲན་གདུང་བཅས་གཞི་གཅིག་ཏུ་གྲུབ་པའི་ཤང་སྡེ་སྐྱེ་ཁམས་ཡུལ་སྐོར་སྤུས་རྟགས་བསྐྲུན་ཏེ།མང་ཚོགས་ལྗང་མདོག་གི་ལམ་དུ་བསྐྱོད་དེ་སྐྱེ་ཁམས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཀྱི་ཁོངས་མི་སོ་སོ་དང་།ཁུལ་ཨུའི་པུའུ་ཨུ་སོ་སོ།ཁུལ་ཐད་གཏོགས་ལས་ཁུངས་སོ་སོ་དང་།མི་དམངས་ཚོགས་པ་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།