ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ ཀུང་ཟིའི་མགོ་ཁྲིད་དང་མཇལ་འཕྲད་གནང་བ།
《 海南报-藏文 》( 2024年12月11日 第 03 版 )
རང་ཚགས་པར་གྱི་འཕྲིན།ཉེ་སྔོན།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིར་འབྲེལ་ཡོད་མགོ་ཁྲིད་དང་མཇལ་འཕྲད་གནང་སྟེ་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་།བྱ་བ་གཙོ་བོར་འབྲེལ་མཐུད་འཇོག་པར་གྲོས་མོལ་བྱས།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་དཔོན་ཀརྨ་ཕུན་ཚོགས་གཉིས་ཀྱིས་གསུང་བཤད་གནང་བ་དང། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སུང་ཅོན་ཞ་ཡིས་འབྲེལ་མཐུན་བྱ་བའི་སྙན་ཞུ་ཕུལ།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་ལས་འཛིན་མགོ་གཙོའམ་ཏང་ཨུའི་ཧྲུའུ་ཅི་ཆན་ཆིང་ལིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གསུང་བཤད་གནང་།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་སྤྱི་གཉེར་བའམ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུའོ་ཧན་ཝུའུ་བཅས་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
ལིས་ཀང་གིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་དུས་ཡུན་རིང་པོར་མཚོ་ལྷོ་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཞོར་དུ་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཁོས་མཚོ་ལྷོ་ཁུལ་གྱི་ཆུ་དང་རླུང་།འོད།ས་འོག་ཚ་ནུས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་པའི་ཁར།མངའ་ཁོངས་སུ་རྒྱལ་ཡོངས་ཀྱི་ཐོག་མ་ཡིན་པའི་བར་ཝོན་གོ་ལ་ཧྲིལ་པོའི་རླུང་ཁམས་ཆེན་མོའི་ས་ཚིགས་བཙུགས་ཡོད་པ་དང་།དེ་ནི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་ཞིག་ཡིན་པས་ངེས་པར་དུ་ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པ་ཞིག་རེད།ཉེ་བའི་ལོ་ཤས་རིང་།མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས།འཕེལ་རྒྱས་ཀྱི་ཡོད་ཚད་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར།མི་རིགས་མཐུན་སྒྲིལ་ཡར་ཐོན།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་འབྲེལ་བ་དམ་པོ་ཡོད་པའི་དོན་སྙིང་མཐའ་འཁྱོངས་བྱས་ཡོད་ལ།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་ནུས་ཁུངས་གཙང་མར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོ་ཡོང་བར་བྱེད་པ་བཅས་ཀྱི་འཐབ་ཇུས་ལག་བསྟར་ནན་མོ་བྱས་ཏེ། ཆུ་དང་རླུང་། འོད། ཚ་ནུས། གསོག་འཇོག་བཅས་ཀྱི་ནུས་མང་གསབ་རེས་ཀྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་ཡོད་ལ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་དར་སྤེལ་གཏོང་བའི་ལག་ལེན་ཁྲོད་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་དང་མཚོ་ལྷོ་ཁུལ་གཉིས་ཀྱི་འབད་བརྩོན་གྱི་ཁ་ཕྱོགས་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་རྒྱུ་དེ་ཡིན་པ་དང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་མཚོ་ལྷོ་ཁུལ་དུ་གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུར་འཐབ་ཇུས་ཀྱི་དོན་སྙིང་དང་ཆབ་སྲིད་ཀྱི་དོན་སྙིང་དེ་བས་ལྡན་ཡོད་པ་རེད།ཕྱོགས་གཉིས་ཀྱིས་ཁེ་ལས་དང་ས་གནས་བར་མཉམ་ལས་མཉམ་སྐྲུན་གྱི་འབྲེལ་བ་དམ་པོར་བཙུགས་ནས།ནུས་ཁུངས་གསར་པའི་གློག་འདོན་ལས་གཞི་སྔ་མོ་ནས་ལག་བསྟར་དང་། བརྒྱུད་ལམ་གཉིས་པའི་ཆེས་མཐོའི་གློག་གནོན་སྔ་མོ་ནས་ཕྱིར་གཏོང་ཐུབ་རྒྱུར་བརྩོན་ལེན་བྱེད་པ། ལྗང་མདོག་རྩིས་ཤུགས་གཙོ་བོར་བྱས་པའི་ཐཱན་མེད་ཐོན་ལས་གླིང་ཁུལ་མགྱོགས་མྱུར་བསྐྲུན་ནས3060ཡི་ཐཱན་གཉིས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
(འཕྲོ་མ་པར་ངོས3པར་གཟིགས།)(པར་ངོས1པོར་མཐུད་པ།)བློ་མཐུན་ཆན་ཆིང་ལིན་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ནས་བཟུང་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་།མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་།རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟི་བཅས་ཀྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེར་བསྐྱེད་དེ་མཚོ་ལྷོ་ཁུལ་དུ་གློག་སྐྱེལ་གློག་སྒྱུར་དང་ནུས་ཁུངས་གསར་པའི་མ་ལག་ཆ་ཚང་། གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་སོགས་ལས་གཞི་གཙོ་བོ་ལག་བསྟར་བྱས་པར་ཕན་འབྲས་མངོན་གསལ་བླངས་ཡོད།མཚོ་ལྷོ་ཁུལ་དང་རྫོང་ཏང་ཨུ།སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད། ཁོས་རྗེས་མར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་གསར་བརྗེ་བཞི་དང་མཉམ་འབྲེལ་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་དོན་འཁྱོལ་ནན་མོ་བྱས་ཏེ།སྔར་བཞིན་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་ཞབས་འདེགས་ཞུ་ཆེད།གཅིག་ནས་གློག་ཤུགས་ཕྱིར་སྐྱེལ་བརྒྱུད་ལམ་གྱི་འཆར་འགོད་དང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།མཚོ་ལྷོའི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་རོགས་རམ་བྱེད་པ་དང་།གཉིས་ནས་གློག་དྲའི་མ་དངུལ་གཏོང་ཤུགས་ཆེར་བསྐྱེད་དེ་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་དང་གློག་དྲ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་ཤུགས་སྣོན་པ།གསུམ་ནས་ནུས་ཁུངས་གསར་པ་དང་རྩིས་ཤུགས་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ།མཚོ་ལྷོའི་ལྗང་མདོག་རྩིས་ཤུགས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར།
མཚོ་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཀྲང་ཅི་ཙུང་།ཁུལ་དཔོན་གཞོན་པ་སུའུ་ཞའོ་ཅུན།རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་སྤྱི་གཉེར་པ་གཞོན་པ་ཀུའོ་ཧྲུན་ཉིན།ཀུའོ་ལེ། དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཐུག་འཕྲད་ལ་ཞུགས།