གུང་ཧོ་རྫོང་གིས་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་ འཕེལ་རྒྱས་འགྲོ་བར་ཤུགས་བརྒྱབ་པ།
《 海南报-藏文 》( 2024年12月11日 第 03 版 )
རང་ཚགས་པར་གྱི་འཕྲིན།ཉེ་བའི་ལོ་ཤས་རིང་།གུང་ཧོ་རྫོང་གིས་རྩ་འཛུགས་ཀྱི་ནུས་ཤུགས་ཆེར་གཏོང་བའི་ཕྱོགས་སུ་འབད་པ་བསྐྱེད་དེ་གཞི་རིམ་གྱི་ཏང་འཛུགས་སྐྱོང་གཙོར་བཟུང་སྟེ་ཆབ་སྲིད་ལེགས་སྐྱོང་དང་རྩ་འཛུགས་ལེགས་སྐྱོང་།ནུས་པ་མཐོར་འདེགས་བཅས་ལ་དམིགས་ཏེ།ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་ཤུགས་བསྣན།
གུང་ཧོ་རྫོང་གིས་སློབ་སྦྱོང་བྱེད་སྟངས་ཀྱི་རྣམ་པ་བསྒྱུར་ཏེ་ཏང་གི་ཚགས་པར་དང་དུས་དེབ་མངག་ཉོ་བྱེད་པ།གསོ་སྦྱོང་དང་དྲ་ཐོག་ཏུ་རང་ངོས་ནས་སློབ་སྦྱོང་བྱེད་པར་བརྟེན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་བསམ་བློའི་ཉིང་བཅུད་བསྡུ་ལེན་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་བསྡུ་བྱ་རྒྱུར་ཁྲིད་སྟོན་བྱས་ལ།སྒྲིག་གཞི་བཅོས་སྒྱུར་བྱ་རྒྱུ་གོ་སྐབས་སུ་བཟུང་ནས་རྫོང་ཡོངས་ཀྱི་ལས་ཁུངས་ཀྱི་ཏང་རྩ་འཛུགས་ལེགས་འགྱུར་དང་ལེགས་སྒྲིག་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང།ཏང་སྲོལ་སྲིད་གཙང་དང་ཏང་གི་བྱ་བའི་ཤེས་བྱ།ལས་སྒོའི་རིགས་པའི་གཞུང་ལུགས་སོགས་གཙོར་བཟུང་སྟེ།རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ཡུལ་དངོས་ཀྱི་ལྟ་སྦྱོང་ཟུང་འབྲེལ་བྱ་ཐབས་སྤྱད་དེ་ཏང་གི་བྱ་བའི་ལས་སྒོའི་ནུས་པ་ཆེར་བསྐྱེད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྡུས་ནས་ཏང་གི་ལས་སྒོའི་ལས་བྱེད་པའི་ཆབ་སྲིད་ཀྱི་སྤུས་ཚད་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད།ལས་སྒོའི་ནུས་པ་བཅས་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་།