རང་ཁུལ་གྱིས་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ།

《 海南报-藏文 》( 2024年12月11日 第 03 版 )

རང་ཚགས་པར་གྱི་འཕྲིན།ཉེ་བའི་ལོ་ཤས་རིང་།ཁུལ་ལས་ཞུགས་ཅུའུ་ཡིས་ལས་རིགས་ལག་རྩལ་གྱི་གསོ་སྦྱོང་སྣ་ཚོགས་སྤེལ་ཏེ་ལས་ཞུགས་མི་སྣའི་ལས་རིགས་ལག་རྩལ་གྱི་སྤུས་ཚད་མཐོ་རུ་གཏོང་བར་འབད་པ་བྱས་ཏེ། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱས་པ་རེད།མིག་སྔའི་བར།ཁུལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་བ7950ལ་ལས་རིགས་ཀྱི་ལག་རྩལ་གསོ་སྤེལ་བྱས་ནས་ལས་ཞུགས་བྱེད་ཚད65%ཡན་ལ་སླེབས་པ་རེད།

ཁུལ་ལས་ཞུགས་ཅུའུ་ཡིས་ཐོན་ལས་གནས་བཞི་འཛུགས་སྐྲུན་ལ་དམིགས་ནས་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཁང་དང་ཁུལ་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཅུའུ་སོགས་སྡེ་ཁག་དང་མཉམ་སྦྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་མི7500ལ་ཚོང་འགུག་དངུལ་འདྲེན་ལས་གཞི་དང་མི1000ལས་རིགས་སློབ་གྲྭས་དམིགས་འཛུགས་བྱས་པའི་ལས་གཞི་གཏན་འཁེལ་བྱས་ཏེ་གསོ་སྦྱོང་བྱས་ལ།ཅང་སུའུ་ཡི་རོགས་སྐྲུན་མ་དངུལ་སྒོར་ཁྲི160བརྩོན་ལེན་བྱས་ནས2024ལོ་དང2025ལོར་ཁུལ་དང་རྫོང་གི་ལག་རྩལ་སྦྱོང་བརྡར་རྟེན་གཞིར་གློག་རྡུལ་ཚོང་དོན་དང་ཁྱིམ་ལས་ཞབས་ཞུ། ཞིང་པའི་བར་ཁེ་བ། ཀྲུང་ལུགས་གཡོས་སྦྱོར་སོགས་གསོ་སྦྱོང་སྤེལ་བ་རེད།

མཚོ་ལྷོ་ཁུལ་གྱིས་སྤྱི་པའི་དངོས་སྦྱོང་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ།ཚོང་རའི་དགོས་མཁོ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པ་དང་དེ་བཞིན་ལས་རིགས་ཁག་གི་ཁེ་ལས། སྤྱི་ཚོགས་ཀྱི་ཚོགས་པ། ཐོན་ལས་གླིང་ཁུལ།ལས་རིགས་སློབ་གླིང་།ལས་རིགས་གསོ་སྦྱོང་ལས་ཁུངས་བཅས་ལ་ལག་རྩལ་དངོས་སྦྱོང་དང་ལག་རྩལ་གྱི་འགྲན་བསྡུར།ལས་རིགས་ལག་རྩལ་གྱི་གསོ་སྦྱོང་།དཔྱད་ཞིབ་གདེང་འཇོག་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས།གསོ་སྦྱོང་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་མངོན་འགྱུར་བྱུང་།།