གུང་ཧོ་རྫོང་གིས་སྤྱིལ་ཁུལ་བསྒྱུར་བཀོད་ བྱ་བར་ཤུགས་བསྣན་པ།

《 海南报-藏文 》( 2024年10月30日 第 02 版 )

རང་ཚགས་པར་གྱི་འཕྲིན། ཉེ་བའི་ལོ་ཤས་རིང་།གུང་ཧོ་རྫོང་གིས་མཁར་གྲོང་སྡོད་གནས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དམིགས་ཡུལ་དུ་བཟུང་སྟེ།རྩ་འཛུགས་ཀྱི་མགོ་ཁྲིད་དང་ཁང་པ་བསྡུ་ལེན།མ་དངུལ་འགན་སྲུང་།ལས་གཞི་འཛུགས་སྐྲུན་སོགས་ནས་མགོ་བཙུགས་ཏེ།སྤྱིལ་ཁུལ་གྱི་བསྒྱུར་བཀོད་བྱ་བ་ལེགས་པོར་བསྒྲུབ་པར་འབད་པ་བྱས།2021ལོ་ནས་བཟུང་བསྡོམས་པས་སྤྱིལ་ཁུལ་གྱི་ཁྱིམ་ཚང397གྱི་སྡོད་ཁང་བསྒྱུར་བཀོད་བྱས།

གུང་ཧོ་རྫོང་གིས་ཆབ་ཆ་གྲོང་རྡལ་གྱི་སྤྱིལ་ཁུལ་སོ་སོར་རྟོག་ཞིབ་བྱས་ཏེ་གནས་སྤོས་བཀོད་སྒྲིག་ཇུས་གཞིར་གཏན་འབེབས་བྱས་པ་དང་།མ་དངུལ་ཐག་གཅོད་བྱེད་པ།ལས་གཞི་འཛུགས་སྐྲུན་གྱི་དཀའ་གནད་སེལ་བར་མ་ཟད།སྡོད་ཁང་དང་རང་བྱུང་ཐོན་ཁུངས།སྐྱེ་ཁམས་དང་ནོར་སྲིད་སོགས་སྡེ་ཁག་གི་ལས་སྒོའི་བརྒྱུད་རིམ་སྟབས་བདེ་བཟོས་ཏེ།གནས་སྤོས་བཀོད་སྒྲིག་བྱ་བའི་འབྲེལ་ཡོད་འགྲོ་ལུགས་བསྒྲུབ་པར་འགན་ལེན་བྱས། གུང་ཧོ་རྫོང་གིས2021ལོ་ནས2024ལོའི་བར་སྤྱིལ་ཁུལ་བསྒྱུར་བཀོད་འཆར་གཞི་ཕྱོགས་ཡོངས་ནས་གཏན་འབེབས་དང་ཁང་པའི་ཁ་གསབ་འཆར་གཞི་བཟོས་ཤིང་། འཕྲེད་བྱང་འགེལ་བ་དང་དྲིལ་སྒྲོག་ལག་དེབ་སྟེར་བ།བཞུགས་མོལ་གྲོས་ཚོགས་བསྡུ་བ་སོགས་ཀྱི་རྣམ་པའི་ཐོག་ནས་མཁར་གྲོང་སྡོད་མིར་སྡོད་ཁང་བསྡུ་བའི་སྲིད་ཇུས་དང་ཁ་གསབ་ཚད་གཞི་སོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་ནས་མང་ཚོགས་ཀྱི་དངོས་ཡོད་གནད་དོན10ལྷག་ཐག་གཅོད་བྱས།མིག་སྔའི་བར་ཁྱིམ་ཚང961ལ་གྲོས་མཐུན་ཡི་གེ་བཞག་སྟེ་སྡོད་ཁང་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ལ།ད་ལོའི་བར་སྤྱིལ་ཁུལ་བསྒྱུར་བཀོད་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར5.769བརྩོན་ལེན་བྱས་ནས་ཆབ་ཆ་གྲོང་རྡལ་དུ་ཐོག་བརྩེགས་ཁང་ཤར29དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། གནས་སྤོར་ཁྱིམ་ཚང1500བཀོད་སྒྲིག་བྱས་ཆོགབཟོ་སྐྲུན་གྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ་ལས་གཞིའི་ཞིབ་བཤེར་ལམ་ལུགས་འཐུས་ཚང་དང་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ལ།ད་ལོར་ཞིབ་བཤེར་མི་སྣ600ལྷག་མངགས་ནས་ཐེངས38ལ་ཞིབ་བཤེར་བྱས།