- 放大
- 缩小
- 默认
ཚལ་རྔ་འགག་ལ་མཛེས་པའི་གྲོང་རྡལ་གྱི་ཁྱད་ཆོས་མངོན་ཡོད་པ།
《 海南报-藏文 》( 2024年10月30日 第 02 版 )
གུང་ཧོ་རྫོང་གིས་ཚལ་རྔ་འགག་གི་ཕུན་སུམ་ཚོགས་པའི་ཉ་ལས་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་ཁོར་ཡུག་ལ་གཞི་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤྱི་ཚོགས་དཔལ་འབྱོར་གོང་དུ་སྤེལ་བ་གཙོར་བཟུང་སྟེ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས།གྲོང་གསེབ་ཀྱི་ཡུལ་སྐོར་དར་སྤེལ་གཏོང་བར་ཤུགས་བསྣན་ནས།ཚལ་རྔ་འགག་གྲོང་རྡལ་གྱི་ཉ་ལས་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་རིག་གནས། གྲོང་གསེབ་ཀྱི་ཡུལ་སྐོར་བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོདཔ་རེད།
ལྗང་མདོག་གི་རྨང་གཞི་བརྟན་པོར་སྲུང་བ།གུང་ཧོ་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི2216བཏང་ནས་ཚལ་རྔ་འགག་ཆུ་མཛོད་ཁུལ་གྱི་བྱང་ངོས་དང་།གྱོག་ཁ་སྡེ་བའི་ས་ཆུའི་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན།ཤར་རིའི་ཆུ་འདྲེན་ལས་གཞི་ལག་བསྟར་བྱས་ཤིང་།ཆུ་མཛོད་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱས་ཏེ་སིལ་སྡོང་དང་མེ་ཏོག་སྡོང་བོ་སོགས་བཏབ་པ་དང་།བར་ཝོན་སྡེ་བ་དང་རྨ་ཆུ་སྡེ་བའི་འཚོ་བའི་བཙོག་ཆུ་གཙང་སེལ་གྱི་ལས་གཞི་ལེགས་གྲུབ་བྱུང་ལ། གྲོང་རྡལ་གྱི་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གྱི་གད་སྙིགས་དུས་ལྟར་གཙང་སེལ་བྱས་པར་མ་ཟད།ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་དང་ནགས་རྩྭའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ནས་རྨོ་ཞིང་སྲུང་སྐྱོང་ཁ་གསབ་སོགས་ཀྱི་ཕྱོགས་ལ་མ་དངུལ་སྒོར་ཁྲི998.05བཏང་བ་དང་།མཚོ་ཐོག་ལུང་སྡེ་བའི་ཁྱིམ་ཚང66གི་སྡོད་ཁང་ཆ་རྐྱེན་བསྒྱུར་བཀོད་གཏོང་རྒྱུའི་བཟོ་སྐྲུན་དང་ཨ་ཡག་ཝ་སྡེ་བའི་ཁྱིམ་ཚང5ཡི་ཁང་བའི་སྒྱུར་བཀོད་ལས་གཞི་ལག་བསྟར་བྱས་པ་དང་སྡེ་བ3333ལ་གསང་སྤྱོད་ཁང་ལས་པ་དང་ཁྱིམ་ཚང171གི་གསང་སྤྱོད་ཁང་གཙང་སེལ་བྱས་ཤིང་།མཚོ་ལྷོར་གཙང་སེལ་བྱེད་ཅེས་པའི་བྱ་འགུལ་དང་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ་རེད།དམངས་ཚིས་འགན་སྲུང་ལ་ཤུགས་བརྒྱབ་པ།
གུང་ཧོ་རྫོང་གིས་སྔ་གཞུག་ཏུ་མཐོ་སྒང་མཛེས་པའི་ཤང་གྲོང་འཛུགས་སྐྲུན་དང་ཞིང་བའི་སྡོད་ཁང་བསྒྱུར་བཀོད།མི་སྡོད་ཁོར་ཡུག་གཙང་བཟོ་བྱེད་པ་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ལ།སྤྲོ་གསེང་ལྟ་སྐོར་གྱི་གཞུང་ལམ་དང་ཡུལ་སྐོར་བའི་རྐང་བགྲོད་ཤིང་ལམ་ལས་པ།ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེར་བསྐྱེད་དེ་ལག་རྩལ་གསོ་སྦྱོང་ཐེངས18སྤེལ་ནས་མི6471དང་དཀའ་ཁག་ཅན་གྱི་མི335ལས་ཞུགས་བྱས།དེ་མིན་སློབ་གསོའི་དམངས་ཕན་བཟོ་སྐྲུན་ལག་བསྟར་བྱས་ཏེ་འགྲོ་གྲོན་སྒོར་ཁྲི40ཉུང་འཕྲི་བྱས་པ་དང་ཆར་ཟིལ་འཆར་གཞིའི་དམངས་ཕན་ལས་གཞིར་སྒོར་ཁྲི82.5ཁ་གསབ་བྱས།གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་བརྒྱབ་སྟེ་སྐྲན་ནད་གཉིས་དང་ཞིབ་བཤེར་གསུམ་གྱི་འགན་འཁྲི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་འགོས་ནད་ཚབས་ཆེན་དང་ས་གནས་ཀྱི་ནད།དལ་བའི་རང་བཞིན་གྱི་ནད་བཅས་སྔོན་འགོག་དང་མངལ་མ་ཆགས་གོང་གི་ལེགས་བཙའི་བདེ་ཐང་ལ་ཞིབ་བཤེར་བྱས་ལ།མཉམ་ལས་སྨན་བཅོས་ནང་ཞུགས་ཚད99.63%ལ་ཐོན་པ་དང་ཞིང་སྡེ་རྒན་གསོའི་འགན་སྲུང་ནང་ཞུགས་ཚད98%ཡན་ལ་སླེབས་ཡོད།ཐོན་ལས་གསོ་སྐྱོང་འཕེལ་རྒྱས་སུ་བཏང་བ།གུང་ཧོ་རྫོང་གིས་ཚལ་རྔ་འགག་གི་ཕུན་སུམ་ཚོགས་པའི་ཉ་ལས་ཐོན་ཁུངས་ལ་བརྟེན་གསོ་སྤེལ་དང་གསོ་སྐྱོང་།ལས་སྣོན།ཕྱིར་འཚོང་བཅས་གཞི་གཅིག་ཡིན་པའི་གྲང་ཆུའི་ཉའི་སྤུས་རྟགས་སྐྲུན་པ་དང་།གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱུར་གཏོང་བར་འབད་དེ་མཚོན་མདངས་འགྲན་རྒྱུགས་དང་མཐོ་སྒང་བྱེ་བགྲོད་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྤེལ་བ།ཞིང་གྲོང་གི་ལྟ་སྐོར་དང་ཤིང་འབྲས་འཐུ་བ།སྤྲོ་གསེང་ལ་རོལ་བ།ཁྱིམ་ཚང་མགྲོན་ཁང་དང་ཞིང་ཁྱིམ་སྤྲོ་སྐྱིད་གླིང་བཅས་ཀྱི་གྲོང་གསེབ་སྐྱེ་ཁམས་ཀྱི་ཡུལ་སྐོར་ཐོན་ལས་དར་སྤེལ་བཏང་ལ། ཨ་ཡག་ཝ་སྡེ་བ་དང་ཁེ་ཚེ་སྡེ་བའི་ཆུ་ཚན་ཡུལ་སྐོར་ཐོན་ཁུངས་དར་སྤེལ་དང་དེའུ་གསུམ་སྡེ་བ་སོགས་ཀྱི་མཐོ་སྒང་མཛེས་པའི་ཤང་གྲོང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ།ཚི་ཧན་ཐུ་ཝོས་སྡེ་བའི་ཕྱེ་སྣུམ་ལས་སྣོན།ལུང་མཚེ་སྡེ་བའི་ལུག་བལ་མལ་ཆའི་ལས་སྣོན་སོགས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བར་མ་ཟད།ཁྱད་ལྡན་གྲོང་གསེབ་ཀྱི་ཡུལ་སྐོར་གནས་མང་དར་སྤེལ་བཏང་ཡོད།གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ།
གུང་ཧོ་རྫོང་གིས་བར་ཝོན་སྡེ་བའི་དམངས་སྲོལ་ཁང་དང་མི་རིགས་མཐུན་སྒྲིལ་བརྗོད་དོན་ཐང་ཆེན་སོགས་སུ་མི་རིགས་མཐུན་ཡར་ཐོན་བརྗོད་བྱ་ཡིན་པའི་བྱ་འགུལ་ཐེངས17སྤེལ་བ་དང་དྲིལ་སྒྲོག་སྐོར་གྱི་སྒྲོག་འགྲེལ་ཐེངས60བྱས་ཤིང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་དང་ཚུལ་སྐྱོང་།རང་སྐྱོང་བཅས་དམ་སྲུང་བྱས་ནས།མཉམ་འགོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། མང་ཚོགས་བཅོས་སྐྱོང་གི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་སྟེ་འགལ་བ་དང་རྩོད་གཞི་གཙང་བཤེར་དང་ཐག་གཅོད་བྱས་ལ།ནག་འཇོམས་ངན་སེལ་ལ་རྡུང་རྡེག་བྱེད་པའི་བྱ་འགུལ་སྤེལ་ཏེ་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད། རྫོང་དེས་ད་དུང་སྡེ་བའི་དམངས་ཆིངས་བཟོ་བཅོས་དང་ཡུལ་སྲོལ་གོམས་གཤིས་བསྒྱུར་བ་དང་།ཕྱུགས་བཀག་ཉ་འཛིན་སོགས་སྡེ་བའི་དམངས་ཆིངས་ནང་བཞག་སྟེ་སྐར་གསོག་ལམ་སྲོལ་དང་ཆད་གཅོད་ལམ་སྲོལ་བཟོས་ཤིང་།ཡ་རབས་ཚུལ་ལྡན་ཅན་གྱི་སྲོལ་སྐྱོང་བྱ་འགུལ་སྤེལ་ཏེ་སྐར་ལྔའི་རིམ་པའི་ཡ་རབས་ཚུལ་ལྡན་ཁྱིམ་ཚང་དང་མནའ་མ་བཟང་བོ་དང་སྒྱུག་མོ་བཟང་པོ་བཅས་ཀྱི་དཔྱད་འདེམས་བྱ་འགུལ་སྤེལ་བ་རེད།།