ཞིན་ཧེ་རྫོང་གིས་སྨན་བཅོས་འགན་སྲུང་དངུལ་སྤྲོད་པར་སྟབས་བདེ་བཟོས་པ།

《 海南报-藏文 》( 2024年10月30日 第 02 版 )

རང་ཚགས་པར་གྱི་འཕྲིན། ཉེ་སྔོན།ཞིན་ཧེ་རྫོང་སྨན་བཅོས་འགན་སྲུང་ཅུའུ་ཡིས་རྫོང་ཡོངས་ཀྱི་སྨན་བཅོས་སྒོ་བསྟེན་ཁང8ཀྱི་མི29རྩ་འཛུགས་བྱས་ནས་དུས་ཡུན་ཉིན5རིངDRGབརྒྱུད་ནས་སྨན་རིན་ཅི་ལྟར་སྤྲོད་དགོས་པའི་ཕྱོགས་ཀྱི་གསོ་སྦྱོང་བསྡུས་པ་རེད།གསོ་སྦྱོང་འདི་སྤེལ་བའི་དམིགས་ཡུལ་ནི་སྨན་བཅོས་ལས་ཁུངས་ཀྱིསDRGབརྒྱུད་ནས་སྨན་རིན་སྤྲོད་པ་དེ་ཚན་རིག་ཅན་དང་ཞིབ་ཚགས་ཅན།ཆ་འཕྲིན་ཅན།ཚད་ལྡན་ཅན་བཅས་ཀྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་།DRGབརྒྱུད་ནས་སྨན་རིན་སྤྲོད་པའི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་སྟོབས་ཤུགས་སྔར་ལས་ཆེར་གཏོང་རྒྱུ། སྒོ་བསྟེན་སྨན་ཁང་དག་ལ་གནས་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱ་ཆེད་རེད།

རྒྱུས་ལོན་བྱས་པ་ལྟར་ན།DRGབརྒྱུད་ནས་སྨན་རིན་སྤྲོད་པ་དེ་ནི་ནད་གཞིའི་འབྲེལ་ཡོད་བརྟག་དཔྱད་ལ་རིགས་བགར་ནས་སྨན་རིན་སྤྲོད་པ་དེ་ལ་ཟེར་ཞིང་།དེ་ལ་ནད་གཞིར་བརྟག་དཔྱད་དང་ནད་གཞིའི་ཚབས་ཆེ་ཆུང་།སྨན་བཅོས་བྱེད་ཐབས་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ནད་པར་ནད་ཐོག་ནད་རྟགས་དང་རིགས་གཅིག་ནད་རྟགས་སོགས་སུ་རིགས་བགར་བའི་ཐོག་ནས་སྨན་བཅོས་འགན་སྲུང་གི་ཚད་གཞི་ལྟར་སྨན་རིན་སྤྲོད་དགོས་པ་དེ་རེད།

གསོ་སྦྱོང་ལས་ས་ཁོངས་བསྡོམས་འབོར་གྱི་རྒྱབ་ལྗོངས་འོག་གིDRGལ་དམིགས་ནས་སྨན་རིན་སྤྲོད་པ་དང་།སྨན་བཅོས་འགན་སྲུང་གི་ཐེབས་རྩའི་དངུལ་ལག་བསྟར་གྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ་དམིགས་བསལ་ནད་ཐོ་དང་འགྲོ་གྲོན་ལེགས་སྒྲིག་སོགས་དམིགས་བསལ་ནད་ཀྱི་གྲོས་ཡིག་དང་གྲོན་དངུལ་གྱི་ཚད་ལེགས་སྒྲིག་སོགས་ཀྱི་གཙོ་གནད་ལམ་སྲོལ་དང་།གཞི་གྲངས་རེའུ་མིག་འགོད་པའི་སྤུས་ཚད་དང་ནད་རིགས་ཀྱི་ཚད་གཞིའི་འགྱུར་ལྡོགནད་པའི་ཁུར་པོ་སོགས་ལ་བསྡུར་བ་བྱས་ཏེ་སྨན་བཅོས་མཐུན་རྐྱེན་འོས་འཚམས་ཀྱིས་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཕྱོགས་ནས་འགྲེལ་བཤད་ཞིབ་ཕྲ་བྱས་པར་མ་ཟད།སྨན་བཅོས་ལས་ཁུངས་ཀྱིསDRGབརྒྱུད་ནས་སྨན་རིན་སྤྲོད་པའི་བརྒྱུད་རིམ་ཁྲོད་ཨང་སྒྲིག་དང་རིགས་བགར་བ་སོགས་སུ་འཕྲད་པའི་རྒྱུན་མཐོང་གི་གནད་དོན་རེ་རེ་བཞིན་དབྱེ་ཞིབ་བྱས་ཏེ། བསམ་འཆར་དང་ཐག་གཅོད་ཐབས་ཇུས་བཏོན་སོང་ལ། དཔེ་མཚོན་དབྱེ་ཞིབ་དང་ལྟ་སྦྱོང་ཟུང་འབྲེལ་བྱས་ནས་སྦྱོང་བརྡར་མི་སྣས་གནད་དོན་གྱི་འབྱུང་རྩ་ངོས་འཛིན་བྱེད་པར་རོགས་རམ་བྱས་ཏེ་གཞི་གྲངས་ཀྱི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་བརྒྱབ་ནསDRGཡི་གཞི་གྲངས་ཀྱི་ཡང་དག་རང་བཞིན་དང་ཚན་རིག་རང་བཞིན་འགན་ལེན་བྱས།